| | e-texts navigator
|
117b1 གའི་རང་བཞིན་དུ་སངས་རྒྱས་སོ།། དེ་བཞིན་ཉིད་དུ་ཅི་ཡང་མ་གྲུབ་པས། ཆོས་སྟོང་པཟང་མར་འཆད་པས་མཚན་ཉིད་ཐེ་གསུ་མ་རྫོགས་པ་ཆེན་པོ་ངལ་བཟླས་ཏེ་འཕགས་སོ།། དེ་ལས་མ་གཡོས་པའི་སྙིང་རྗེ་ཆེན་པོས། གྲི་ཡོག་བྱམས་པས་ཕན
117b2 འདོགས་པ་ཁྱབ་པའི་སྙིང་རྗེ་ལ་ལ་བཟླ་བ་སྟེ།། རྫོགས་པ་ཆེན་པོ་ཡེ་ཤེས་ཀྱི་ཉི་མ་ཤར་རོ།། དེ་ནས་ཡི་གེ་འབྲུར་བསྟན་པས་དོན་ཀུན་ཚང་བར་ལ་བཟླ་སྟེ། ཧཱུཾ་དུ་སྣང་བ་ཙམ་ཞིག་མ་གཡོས་པ་ལ་བཞག་གོ།། མ་གཡོས་ཅན་ཡིག་འབྲུས་དོན་མ
117b3 བྱས་པ་འགའ་ཡང་མེད་དོ།། ཡིག་འབྲུས་དོན་བྱས་པ་ལས་མ་གཡོས་པར་ཐུགས་ཕྱག་མཚན་གྱིས་རིག་པའི་གོ་གསལ་ལོ།། དེས་ཀྱང་དོན་ཆོས་ཉིད་སྟོང་པ་ལས་མ་ཉམས་སོ།། ཧཱུཾ་ཚིག་ཏུ་གླེངས་པ་ཙམ་གྱིས་ཡི་གེའི་འབྲུ་ཚོགས་ཀྱི་ལས
117b4 ཀྱི་བྱ་བར་བྱས་ཏེ། འབྱུང་བ་ཁོངད་བསྐམས་ནས། རང་རང་གི་ལས་ཀྱི་བྱ་བའི་དོན་རེར་སངས་རྒྱས་པ་འདི་ལྟ་སྟེ།། རླུང་གཡོ་བྱེད་མ་གཡོས་པར་འདོགས་པ་ཆེན་པོར་སངས་རྒྱས། ནམ་མཁའ་མི་འགྱུར་ཁྱབ་གདལ་ཆེན་པོར་སངས་རྒྱས།
117b5 ཆུ་སྡུད་པ་ཀློང་དཀྱིལ་དུ་སངས་རྒྱས། ས་བསྟོད་པ་མ་བསླད་པར་སངས་རྒྱས། མེ་དྲོད་སྙོམ་དོན་འབྱུང་དུ་སངས་རྒྱས། དེ་ཡང་དོན་དེ་བཞིན་ཉིད་ལ་ཚིག་ཏུ་འཕེན་པས་ཡི་གེ་ཡིན་པ་འདི་ལྟ་སྟེ།། ཨེ་ཡཾ་མཾ་ལཾ་རཾ། དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན
117b6 ལཱ་མ་གཡོས་པར་འགྱུར་བ་མེད་པས། དེ་ལ་རིན་པོ་ཆེ་རི་རབ་བྱ་བར་མིང་དུ་བཏ་གཱ་ཏི་སུཾ་ཧཱུཾ། དེ་ནས་ཆོས་ཉིད་དེ་བཞིན་ཉིད་དུ་རྒྱས་བཏབ་པས་དེས་ཐམས་ཅད་ཡོངས་སུ་བསྐྱེད་པས་རང་ལ་ཁྱབ་པར་ཡོད་པ་ལ་གཞལ་ཡས་ཁང་ཞེས་ཚིག་ཏུ་བཏགས་ཏེ།
117b7 བྷྲཱུཾ་བི་ཤྭ་བི་ཤྲདྡྷེ། དེ་ལ་ཏིང་ངེ་འཛིན་གྱི་ཚོགས་མང་པོ་འདུས་པ་ལ། གྱེན་གྱིས་བརྒྱན་པོ་ཞེས་མིང་དུ་བཏགས་ཏེ། ཅི་ཡང་མེད་པ་ལས་ཆུ་སིན་ཏ་ངན་དང་། མུ་ཏིག་གི་ཤར་བུ་དང་། རིན་པོ་ཆེའི་ཆུན་འཕྱང་དང་། རྒྱན་དང་ཤར་བུ་དང་།
iiif viewer powered by OpenSeadragon
117a - 118a