| | e-texts navigator
|
116b1 ལྡན་ཞིང་སྟོད་དུ་མ་གྱུར་པ་རྣམས་ལ། མེང་ཙམ་བསྟན་པར་མི་བྱ་ཞིང་། བཀའ་དང་འགལ་བ་རྣམས། ཤིན་ཏུ་རྩཝ་ཕུང་ལ་མ་མཆད་པ་བཞིན་དུ། ལུས་ངག་ཡིད་གསུམ་ཐལ་བ་བཞིན་དུ་བརླག་པར་བགྱིའོ།། ཅི་སྟེ་བདག་གི
116b2 དེ་བཞིན་དུ་མ་བགྱིས་ན།། བདག་ཅག་རྣམས་ཀྱི་མགོ་ལུས་འཚིག་པར་དམ་དུ་བཅའ་འོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་འཁོར་ཐམས་ཅད་ཡོངས་སུ་བསྡུ་བར་མཛད་ནས། རྒྱུད་ཀྱི་དོན་འདི་དག་ཀྱང་ཡོངས་སུ་གནང་བས་འདི་གསུངས་།
116b3 ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གང་ཡིན་པ་ཡང་། དབང་སྒྱུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུ་དེ་འདི་ཡང་ཀུན་ཏུ་བཟང་པོའོ།། ཕྱོགས་བཅུ་དུས་གསུམ་གྱི་དུས་གསུམ་གཤེགས་པ་ཐམས་ཅད་ཀྱི་གསུང་གང
116b4 ཡིན་པ་ཡང་དབང་སྒྲར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྦྱར་རྒྱལ་པོའི་རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གང་ཡིན་པ་ཡང་། དབང་སྒྱུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། །
116b5 དབང་སྐུར་རྒྱལ་པོའི་རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་བྱང་ཆུབ་ཀྱི་སེམས་སོ།། སེམས་ཅན་ཐམས་ཅད་ཀྱང་དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྒྱུར་རྒྱལ་པོའི་རྒྱུད་འདི་ཉིད་ཀྱང་ཀུན་ཏུ་བཟང་པོའོ།།
116b6 ཀུན་ཏུ་བཟང་པོ་ཡང་རང་གི་སེམས་སོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕྲིན་ལས་གང་ཡིན་པ་ཐམས་ཅད་ཀྱང་། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སླར་རྒྱལ་པོའི་རྒྱུད་འདི་ཡང
116b7 ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་སེམས་སོ།། མཐོ་རིས་ངན་སོང་ཡང་དབང་སྐུར་ཀྱལ་པོའི་རྒྱུད་འདི་ཉིད་དོ།། རྒྱུང་འདི་ཡང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་སེམས་སོ།། ཞེས་གླེང་བས་འཁོར
iiif viewer powered by OpenSeadragon
116a - 117a