| | e-texts navigator
|
115b1 ལམ་སྟོན་དེ་ལ་ཕྱག་འཚལ་བསྟོད།། ཐེག་པའི་ཡོན་ཏན་ཁྱད་པར་བསམ་ཡས་པ།། མུ་འདྲེས་སོ་སོར་གསལ་བའི་གོ་ཕྱེ་ནས། རྣལ་འབྱོར་ཡོངས་ལ་ཐེག་པ་འདི་སྟོན་པ།། འདྲེན་པའི་ལྷ་ཁྱོད་ལ་ནི་ཕྱག་འཚལ་བསྟོད།། ཅེས
115b2 མགྲིན་གཅིག་ཏུ་བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་གྱུར་བ་ཆུད་ཀྱི་རྒྱལ་པོའི་རྒྱུད་ལས། མཆོད་པ་བསྟོད་པའི་ལེའུ་སྡེ་དགུ་པའོ།། ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ
115b3 སོགས་པའི་འཁོར་གྱི་ལྷ་རྣམས་ལ། ཤིན་ཏུ་དགའ་བ་བསྐྱེད་པའི་ཕྱིར་འདི་དག་གསུངས་སོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་ཞགས་པ་དགའ་བ་ཆེ།། རྡོ་རྗེ་སེམས་དཔའ་དགྱེས་པ་ཆེ།། རྡོ་རྗེ་ལུས་ཏེ་རྡོ་རྗེ་གསུང་།། རྡོ་རྗེ་ཐུགས
115b4 ཏེ་རྡོ་རྗེ་བློ།། རྡོ་རྗེ་ཤེས་རབ་བླ་ན་མེད།། རྡོ་རྗེ་མ་ལུས་ཀུན་གྱིས་ཤིག། ཨོཾ་རྡོ་རྗེ་གོ་ཆ་བརྟན་པ་ཆེ།། ཐུབ་པར་དཀའ་བ་བརྩོན་འགྲུས་མཆོག། ད་ནི་རྡོ་རྗེ་ཐབས་ཆེན་དེ།། རྡོ་རྗེ་ཐབས་ཀྱིས་གཙོ་བོར་ཤོག། སངས་རྒྱས་བྱང་ཆུབ་བླ་ན་མེད།། བླ་མེད
115b5 རྣམས་ཀྱི་ཡིད་བཞིན་ཏེ།། ཐམས་ཅད་མ་ཡུས་རྫོགས་སངས་རྒྱས།། རབ་འབྱམས་འབར་བའི་དོན་རྟོགས་ཤོག། ཅེས་འཁོར་རྣམས་ལ་དགའ་བ་བསྐྱེད་ནས། ཐམས་ཅད་མ་ལུས་པར་འདུས་པའི་དབང་གི་རྒྱལ་པོ་དབང་སྐུར་བའི་རྒྱུད་འདི་ཡོངས
115b6 སུ་གཟུང་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་རྒྱུད་འདི་ཡོངས་སུ་གཟུང་བ་འདི་བཀའ་སྩལ་ཏོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས།། བདག་ལ་རབ་ཏུ་དབང་བསྐུར་བའི།། བདག་གི་དམ་པ་བླ་ན་མེད།། དབང་སྐུར་རྒྱལ་པོའི་རྒྱུད་ཆེན་འདི།།
115b7 རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུང་།། ལུས་དང་ངག་དང་སེམས་ལ་ཆོངས།། དབང་རྣམས་ཀུན་གྱི་བྱེད་པོ་པར།། རྡོ་རྗེ་སེམས་དཔའ་ཉིད་དུ་ཤོག། ཅེས་བཀའ་སྩལ་པ་དང་།། དེ་ནས་རྡོ་རྗེ་སེམས་དཔས་སྟོན་པ་ཀུན་ཏུ་བཟང་པོ་ལ། དབང
iiif viewer powered by OpenSeadragon
115a - 116a