| | e-texts navigator
|
115a1 མེ་གནས་མི་དམིགས་རང་བཞིན་དཀྱིལ་འཁོར་ནས།། སངས་རྒྱས་ཁྱོད་ཀྱི་སྐུ་མཆོག་ཎྜཱི་འདྲག།། ནམ་མཁའི་དབྱིངས་ལས་ཅིར་ཡང་སྣང་བའི་སྒྲ།། དབྱིངས་དང་ཡ་ཤེས་གཉིས་མད་ཚུས་ཀྱི
115a2 དུས་གསུམ་འདུས་མ་བྱས་པ་ཐབས་ཀྱི་སྐུ།། སྐུ་མཆོག་ཀུན་བཟང་སྐུལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་གསུང་ནི་ཅི་འདྲ་བ།། སླར་སྣང་བརྗོད་མེད་དོན་ལས་མཱ་གཡོས་ཀྱང་།། ཐུགས་རྗེས་འདུལ་ཕྱིར་གསུང་བརྗོད་ཅིང་ཡང་སྟོན།།
115a3 བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན།། གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་ཐུགས་ནི་ཅི་འདྲ་བ།། རྣམ་རྟོག་མི་མངའ་རྗེར་ཡང་སཱ་ལིར་གཟིགས།། ཡེ་ཤེས་མཁྱེན་ལྡན་ཐམས་ཅད
115a4 འདུས་མ་བྱས།། དྲན་མེད་རིག་པའི་རྒྱལ་པོར་ཕོངས་སུ་ཤར།། ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་ཡོན་ཏན་ཅི་འདྲ་བ།། ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་།། སྡང་ཙམ་ཉིད་ནས་ཐུགས
115a5 རྗེས་དང་གིས་འདུལ།། ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱལ་བའི་སྒོ།། ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་ཕྲིན་ལས་ཅི་འདྲ་བ།། ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡོངས་ལ་བསྒྲུད།། སྤྱི་འགྲོ་མང་པོ
115a6 ཐར་པའི་ལམ་འགོད་མཛད།། ཐབས་མཁས་མཛར་ཕྱིན་ཟིན་ལས་རྒྱལ་བའི་སྐུ།། ཕྲིན་ལས་ཀུན་བཟང་ལྷ་ལ་ཕྱག་འཚལ་བསྟོད།། བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ཆགས་མེད་མཆོད་པའི་ལྗིན་ཕུང་རབ
115a7 སྤྲུལ་ནས།། ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན།། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བཞེས་སུ་གསོལ།། སྟོན་པ་ཁྱོད་ཀྱི་བཀའ་དྲིན་དཔག་ཏུ་མེད།། མ་རེག་རྨོངས་པའི་ཤེས་རབ་གསལ་མཛད་ནས།། ཐར་པའི
iiif viewer powered by OpenSeadragon
114b - 115b