| | e-texts navigator
|
114a1 འདྲའོ།། བསྒྲུབ་པ་ཞག་གྲངས་དུས་མང་ཡང་།། རྟགས་ཀུན་ཕྱིན་པར་མི་འགྱུར་རོ།། དེ་ཡང་དབང་མཐོབ་པའི་སྐྱོན།། མཆོད་པ་བསྟན་བསྒྲུབ་ཤུགས་ཕྱུང་ཡང་།། དངོས་གྲུབ་ཐོབ་པཏམ་འགྱུར།
114a2 ན།། དེ་ཡང་དབང་མཐོབ་པའི་སྨོན།། སྔགས་པ་དབྱེད་མེད་ངས་གཅོད་མ་བན།། སྒོ་དང་མ་དང་ལུགས་པ་དང་།། རིམས་དང་མུག་འཁྲུག་པ་དང་།། ནད་རྣམས་སྣ་ཚོགས་འབྱུང་བ་ཡང་།། བ་པོན་དེ་ཡྀ་སྒྲ་ལས་འབྱུང་།། དཔལ
114a3 བསྐུར་གནང་བ་མ་ཐོབ་པར།། རིག་པ་ཤེས་རབ་རྩལ་རྫོགས་ཀྱང་།། སློབ་དཔོན་བྱ་བར་མི་འབྱུང་ངོ་།། གང་ཞིག་སྔགས་ལ་སྤྱོད་འདོད་ན།། ཤེས་པར་གྱིས་ལ་དབང་རྣམས་ནོས།། རྣལ་འབྱོར་སྔགས་པ་ཚེ་ཐུང་དང་།། རྡོ་རྗེ་ལྡུམ་དྲལ་རྐྱེན
114a4 འོང་བ།། དམ་སྐྱི་ལངས་པ་མ་ཡིན་ཏེ།། འཕགས་པ་ཉིད་ཀྱི་བཀའ་ཆད་ཡིན།། རང་དགའ་རུང་ཆུང་བྱེད་པ་ལ།། སངས་རྒྱས་ཀོ་ལོང་མི་མཛད་ན།། རང་གི་གཟུགས་ཕུང་བརླག་ཏར།། གཞན་ཡང་དབང་རྣམས་མ་ཐོབ་པར།།
114a5 རས་ཆོད་བྱེད་པའི་སྐྱོན་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ནའང་།། འཇིགས་ལ་སྐྲག་པས་ལོ་ཙཱ་བས་བོད་ལ་མ་བསྒྱུར་རོ།། དེ་བས་རྣལ་འབྱོར་སྔགས་འཆང་གིས།། དམ་པའི་དོན་དུ་དབང་འདི་ནོས།། རང་ལ་རང་རྫུན་མ་བསླུ་བར།། སངས
114a6 རྒྱས་བཀའ་འདི་གཞུང་བཞིན་གྱིས།། མན་ངག་ཐམས་ཅད་བདག་ལ་ཡོད།། བཀའ་བཞིན་གཞུང་བཞིན་མ་བྱས་ན།། ལྗོན་ཤིང་མེ་ཡིས་ཚིག་པ་བཞིན།། ཡན་ལག་མེད་ཅིང་བརླག་ཏ་རེ།། ཀུན་ཏུ་བཟང་པོའི་ལུང་ལ་ཉོན།། དབང
114a7 སྲུང་རྒྱལ་པོའི་རྒྱུད་ལས། དབང་མ་བསྒྱུར་བའི་སྐྱོན་གྱི་ལེའུ་གྱི་བདུན་པའོ།། ། དེ་ནས་ཉོན་བ་ཀུན་ཏུ་བཟང་པོས།། དེ་དག་ཡོད་པར་བྱ་བའི་ཕྱིར།། དམ་ཚིག་ངེས་པ་འདི་གསུངས་སོ།། བླ་མ་ཡི་ནི་བཀའ་བཞིན་བྱ།། སྔགས་དང
iiif viewer powered by OpenSeadragon
113b - 114b