| | e-texts navigator
|
113b1 ཚེ་དང་ལོངས་སྤྱོད་ཕྲན་སུམ་ཚོགས།། འཇིག་རྟེན་འདི་ཡི་ཡོན་ཏན་ཀྱང་།། བསམ་གྱིས་མེ་ཁྱབ་འགྲུབ་པར་འགྱུར།། དམྱལ་བར་སྐྱེ་བར་ངེས་ན་ཡང་།། དབང་བསྲུང་བ་ཡི་ཡོན་ཏན་གྱིས།། དམྱལ་བར་རྣམས་ཀྱང་མི་ཉུང
113b2 ངན་སོང་གསུམ་པོ་ཀུན་སྤངས་ནས།། བླ་མེད་འབྲས་བུ་འགྲུབ་པར་འགྱུར།། ཚེ་ཟད་འཆི་བར་ངེས་ན་ཡང་།། དབང་འདི་རབ་ཏུ་བསླར་ནས་ནི།། ཚེ་ཟད་འཆི་བར་ངེས་པ་ཡང་།། ཚེ་ཚད་དཔག་མེད་ཐོབ་པར་འགྱུར།། གཞན
113b3 ཡང་ཚེ་འདིའི་ཡོན་ཏན་ཡང་།། བརྗོད་ཀྱིས་མི་ལང་འཐོབ་པར་འགྱུར།། འཇིག་རྟེན་འདས་པའི་ཡོན་ཏན་ནི།། རིག་འཛིན་རྣམ་གསུམ་ཡན་ཆད་ནས།། ཀུན་ཏུ་བཟང་པོའི་དགོངས་པ་ཀུན།། སངས་རྒྱས་ཡོན་ཏན་ཐམས་ཅད
113b4 མ་ཨཱ་ས་།། དུ་སག་། ང་པ་། ལ་སས།། ས
113b5 འདྲ།། དབང་སྒྱུར་རྒྱལ་པོའི་རྒྱུད་ལས། དབང་གི་ཡོན་ཏན་གྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོས། དབང་མ་བསྲུང་བའི་སྐྱོན་འདི་དག་ཀྱང་གསུངས་སོ།། དབང་མ་བསྐུར་བའི་སྐྱོན་རྣམས་ནི།
113b6 ངེས་པ་ཉིད་དུ་ཤེས་པར་གྱིས།། དབང་བསྐུར་གནང་བ་མ་ཐོབ་པར།། གང་ཞིག་སྔགས་ལ་འཇུག་བྱེད་ཅིང་།། ཉན་ཅིང་སྒྲུབ་པར་བྱེད་པ་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། སློབ་དཔོན་མཉེས་པར་མ་བྱས་ན།། དབང
113b7 ཐོབ་ན་ཡང་མེ་ཕན་ནོ།། དབང་མ་ཐོབ་པར་བརྩམ་པ་དང་།། ཉམས་པ་ས་པས་དེས་འགེལ་པ།། དེ་དག་ཕྲེང་བའི་ཆུ་ཡིན་ནོ།། དབང་མ་ཐོབ་པའི་གང་ཟག་ནི།། གཞན་མ་ཡོན་ཏན་གང་ཚང་ཡང་།། འཁོར་ལོ་སྲོག་ཤིང་མེད་པ
iiif viewer powered by OpenSeadragon
113a - 114a