e-texts navigator
Collection
Volume
Page
Wylie

113a1 དབང་སྲུང་བའི་རྒྱུད་ལས།། དབང་ཡོངས་རྫོགས་བསྒྱུར་བར་བྱ་བའི་ཕྲིན་ལས་ཀཱི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་ཀྱིས
113a2 གསོལ་བ། དབང་གི་དཀྱིལ་འཁོར་གྱི་གསུང་གི་དཀྱིལ་འཁོར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་གསུང་གི་དཀྱིལ་འཁོར་དབྱུང་བའི་ཏིང་ངེ་འཛིན་ལ་སྐམས་པར་ཞུགས་ནས་འཁོར་རྣམས་ལ་བཀའ་སྩལ་པ། གསུང་གི་དཀྱིལ་འཇོ
113a3 དོན་མེད་ལན་ཞིག། ཨཱཀྵ། ཊ་ད། བྷྱཏྟ། ན། ཀཱ་ཥ་གཿ།། པདྷཱ་བེཿ། ཎཱ་། ཝ་ཡ་ལྀ། ནྟ་ས། ཨི། ས། ཨ།
113a4 ཨཱ་ཨཱ། ཛཿཧཱུ~ཾ་ཧོ།། ཨ་ཧྱེ་ཧི་བྷ་ག་ཝཱན། མཧཱ་ཀ་རྦ་ཎྚི།། དྲྀ་ནྱ་ཧོ། ས་མ་ཡཛྫ། ས་མཱ་ཡ་ཏཱཾ། བསྲེད་པའི་སྙིང་པོ་གཞན་བཞིན་ནོ།། གཞན་ཡང་དེ་ལ་ཁྲོ་བོར་སྤོས།། དྲཱ་ལུ་ར་ལུདྡྷ་ཙྪ་ཧཱུཾ། རྒྱུད་ཀྱི་རྡུལ་པོ་དེ་བཞིན་གཤེགས་པ་ཐམས
113a5 ཅད་ཀྱི་སྤྱི་དབང་སྣར་བའི་རྒྱུད་ལས། གསུང་གི་ལེའུ་སྟེ་ལྔ་པའོ།། ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་དབང་བསྲུང་བའི་ཡོན་ཏན་འདི་དག་འཁོར་རྣམས་ལ་གསུངས་སོ།། དབང་བསྐུར་བ་ཡ~ཾ་ཕན་ཡོན་ནེ།། ཡང་དག་ཉིད་དུ་བཤད
113a6 བྱ་སྟེ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་།། དབང་བསྐུར་ནས་ནི་བསྐོར་བར་བྱ།། བསྲུབ་པ་གསང་བའི་དཀྱིལ་འཁོར་ཡང་།། དབང་བསྐུར་ནས་ནི་བསྒྲུབ་པར་བྱ།། ཕྲིན་ལས་མཐའ་དག་བྱེ་བ་ཡང་།། དབང་བསླར་ནས་ནི་བྱ་བར་འབྲུག
113a7 དབང་བསླར་གནང་བཐོབ་ནས་ཀྱང་།། གང་བཅམ་ལས་དེ་འགྲུབ་པ་རིངས།། དབང་བསྐུར་བ་ཡི་ཡོན་ཏན་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ལྀ།། ཡིད་ལ་ཅིར་དགང་དབང་ཡང་བསླར།། མམོ་མཁའ




iiif viewer powered by OpenSeadragon

112b - 113b

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud