e-texts navigator
Collection
Volume
Page
Wylie

111a1 ཏེའདབཅས།། དསུ་སེཾ་ས་རྒྱ་མཚོར་བསྩལ།། ཐལ་བའམ་མ་རྣམས་བརྩན་པ་འད།། གཟུག་པ་མ་མས་རབ་འདུལ་བ། མ་ཆུ་བ་དག་པ་སན་བྱ་བདག། ཐམས་ཅད་ཀུན་ཏུ་དཔ་འབྲའ་བདག།
111a2 གདུག་པ་ཟིལ་གནོན་ཐལ་བའི་མཚན།། དབང་མཆོག་འདི་ཡི་དབང་བསྐུར་བས།། ཁམས་གསམ་གདུག་པ་ཐལ་བར་ཀློ།། དེ་འདྲའི་དབང་མཆོག་འཐོབ་པར་ཤོག། ཨོཾ་བ་ཏ་བ་ཡ་ཧཱུཾ། དེ་ནས་ཛད་པ་སམ་རྔོན་གྱི་ཕྲེང་བ་ཐོགས་ལ
111a3 དབང་བསླང་བ་འདི་སྐད་དོ།། ཧཱུཾ་ཕུར་ཁྲོད་ཁྱོང་སེང་དབང་པོ་ལྔ་དང་ལྡན།། སྐུ་གསུམ་ཚུལ་འཆང་ས་མཐོན་དུ་རིས་ཚུལ།། འཁོར་བྱ་གནས་སུ་སྤང་བའི་ཐབས་ཀྱི་ཕྲེང་བའི་རྒྱན།། ཁམས་གསུམ་ཐོགས་མེད་ཕྲེང་བས་དབང་བསྲུར་བས།
111a4 སྲ་གསུང་ཐུགས་ཀྱི་དབང་མཆོག་འཐོབ་པ་རེ་ཤོག། ཨོཾ་བདྨ་བེཉྫ་ཀ་པཱ་ལ་ཧ་སྟ་ཧཱུཾ།། དེ་ནས་སྲུལ་གྱི་ཆུན་པོས་དབང་བསྲུང་བ་འདི་སྐད་དོ།། སྤྱི་ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་གྱེན་དུ་ཆེ།། སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔོམ་པ
111a5 ཅན།། སུ་ལ་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྲིལ།། དུག་ལྡི་མ་སྤངས་དབང་གི་ཐབས་སུ་སྟོན།། མཉེན་སྐྲག་འཁྲིལ་ལྡམ་ཞེ་སྡང་དྲག་པོས་འཇོམས།། རྫུ་འཕྲུལ་ཤུགས་ཀྱིས་ཀ་རྒྱལ་དབང་དུ་སྤྱད།། གཏི་མུག་རྣམ་འདུལ་དབང་ཕྱུག་ཡིན
111a6 པའི་ཕྱིར།། སྦྲུལ་ནག་སྟོང་གི་ཆུན་པོས་དབང་བསྐུར་པས།། ཞེ་སྡང་དྲག་པོ་འབར་བའི་གནས་དག་ནས།། ཐབས་མཁས་རྒྱལ་པོ་མཉེས་པའི་དབང་འཐོབ་ཤོག། ཨཱཾ་བཛྲ་ནཱ་ག་རཱ་ཙ་ཧོ་ཧ་དུ་ལུ་ཧཱུཾ་ཕཊ། རྡོ་རྗེའི་གཤོག་པས་དབང་བསྐུར་བ་འ
111a7 སྐད་དོ།། ཧཱུཾ་ཁམས་གསུམ་ཡོངས་ལ་ཁྱབ་པའི་གཤོག་པ་འདི།། ཀུན་ལ་ཁྱབ་པས་ཐུགས་རྗེ་འབྱུང་བའི་ཡུམ།། མ་གྷ་པ་རྣམས་པས་ཡོངས་ལ་སློབ་པའི་ཚུལ།། ཐུགས་ནི་ཐབས་མཁས་རྒྱ་ཚེ་རོལ་པ་ལི།། ཕྱོགས་བཅུར་ཁྱབ་པའི




iiif viewer powered by OpenSeadragon

110b - 111b

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud