e-texts navigator
Collection
Volume
Page
Wylie

109a1 དངོས་གྲུབ་གང་ཡིན་པ།། བྱང་ཆུབས་མཆོག་སྟུག་པོས་བརྒྱན་པ་ཡིས།། སངས་རྒྱས་ས་གསུམ་འཕགས་པའི་ཡོན་ཏན་ཚོགས།། སྒྲ་དང་ཡེ་ཤེས་བཞི་དང་རྡོ་བྲང་དང་།། འཕགས་པའི་ཡོན་ཏན་བས
109a2 ཁྱབ་པ།། དེ་ཡི་ལེགས་པའི་འབྲས་བུ་ཐམས་ཅད་དང་།། འཇིག་རྟེན་མཚན་མརྫས་ཀྱི་དངོས་གྲུབ་པ།། གཉིས་མེད་ལོངས་སྤྱོད་བདུད་རྩི་སྨན་ལ་སོགས།། དེ་དག་དངོས་གྲུབ་དབང་མཆོག་གང་ཡིན་པ།། རིགས་ཀྱི་བུ་མཆོག་དང་འཐོབ་པར
109a3 ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷ་ཎྱེ་སིདྡྷི་ཕ་ལ་བྷྲཱུཾ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཁམས་གསུམ་ཀུན་ན་བླ་ན་མེད་པ་ཡི།། ཆེ་བཙན་གར་གྱིས་འགྲན་གྱི་དོ་མེད་པ།། ཆེ་བའི་ཆེ་བ་དང
109a4 ཕྱག་ཆེ་བའི་ལྷ།། ཞེ་སྡང་ཐུགས་རྗེའི་མོ་འབར་ཁྲོ་མཆོག་ཧཱུ~ཾངྐ་ཅན།། སྡང་བའི་ཕྱོགས་འདུལ་བདུད་སྲིན་འདུལ་བའི་ལྷ།། དབང་ཕྱུག་ཆེན་པོ་དཔལ་གྱི་ཀིང་ཀ་ར།། དྲེགས་པ་དབང་སྡུད་དབང་ཕྱུག་དམ་ལ་འདོགས།། ཁམས་གསུམ་ཚོགས
109a5 འཇོམས་དྲེགས་པ་འཇོམས་པའི་མཐུ།། ཁེངས་པ་སྤྱན་འདུལ་ཁམས་གསུམ་སྒྲོལ་བའི་མཐུ།། ཡོངས་ལ་དབང་བསྒྱུར་གང་གིས་མི་ཐུབ་མཐུ།། བདུད་བགེགས་ཚར་གཅོད་པར་ཆད་སྒྲོལ་བའི་མཐུ།། མཐུ་སྟོབས་ཕུན་སུམ་ཚོགས་པའི
109a6 དབང་མཆོག་རྣམས།། རྡོ་རྗེའི་སློབ་མ་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲུ་ཧྱ་ཧ་ན་དྷ་ཧ་པ་ཙ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་འཆད་པའི་དབང་བསྐུ་བ་འདི་སྐད་དོ།། ཧཱུཾ་སྐུ་གསུང་ཐུགས་ཀྱི་འདུལ་བ་རྣམ་གསུམ་ལས།།
109a7 གསུང་རབ་ཏུ་མཆོད་མཆོས་བདུད་རྩིའི་མཛོད།། ཆོས་ཀྱི་ཆར་འབེབས་འགྲོ་བའི་རྒྱུད་འགྲོལ་པོ།། ཟག་པའི་བྱེ་བྲག་མ་འདྲེས་དོན་སྟོན་པ།། སྣོད་ལྡད་སློབ་མའི་ཤེས་པའི་རྒྱུད་བཀྲོལ་ནས།། ཆོས་ཉིད་དོན་རྟོགས་བདེན་པའི




iiif viewer powered by OpenSeadragon

108b - 109b

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud