e-texts navigator
Collection
Volume
Page
Wylie

108b1 ཕྱིན་དཔ་མཆོག་འདི།། གནས་འང་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾས་སཏ་ཐག་ཏུ་མ་ཐཱཀྵ་ཏྱེ་བསྒྲུབ་པ་ཀུ་མ་ཏྲསྭ་བྷཱ་ཝ་ཨཱཏྨ་ཀོ་ཧཱུ~ཾ། དེ་ནས་ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བ་ནི། ཤེས་རབ་མཚན་ལྡན་མའི་ལག་པ་གཡས་པ་ནས
108b2 བཟུང་ལ་འདི་སྐད་དོ།། ཧཱུཾ་སྐྱེ་མེད་ཆོས་དབྱིངས་རིག་པ་འབྱུང་བའི་ཡུམ།། མཚན་ལྡན་མི་མོ་མཆོག་གི་རིམ་པའི་རྒྱན།། ཐབས་དང་ཤེས་རབ་དབྱེར་མེད་རོལ་པ་ལས།། ལྷག་པའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་སྤོས།། འཕགས་མཆོག
108b3 ཀུན་མཉེས་འབྲས་བུ་བདེ་སྒྲུབ་པ།། གཉིས་མེད་བདེ་སྤྱོད་ཆོས་ཉིད་དག་པའི་རྒྱན། དགྱེས་པའི་རོ་མཆོག་ཆོས་ཉིད་དབང་མཆོག་འདི། རྣལ་འབྱོར་སློབ་བུ་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷཱ་ཧྱེ་པྲ་ཛྙཱ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས
108b4 འཇིག་རྟེན་ཚེའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཟླ་གམ་དམར་པོ་རྡོ་རྗེ་དབང་གི་ཚེ།། གཞན་གྱིས་མི་འཕྲོག་ཁམས་གསུམ་ཀུན་ལས་རྒྱལ། ལྷ་མོད་དམར་མོ་རྡོ་རྗེ་འཆི་མེད་ཚེ།། ལེགས་པའི་ཡོན་ཏན་འདོད་པའི་ལོངས་སྤྱོད་རྫས།། མི་འགྱུར་འཆི་མེད་ཚེ་ལོ་སྟོང
108b5 ཕྲག་དང་།། རང་ཉིད་གང་འདོད་ཕུང་པོ་རྡོ་རྗེའི་ཚེ། ཨཱ་ཡུཿདམར་པོ་ཡོངས་སུ་འགྱུར་མེད་པ།། མི་འཕྲོག་ངེས་པའི་ཚེ་མཆོག་གང་ཡིན་པ།། ཡུན་རིང་གོང་ནས་བསྙེན་བསླབ་བསྐྱབས་པ་ཡིས།། རྡོ་རྗེ་ཚེ་ཡི་དབང་མཆོག་གང་ཡིན་པ།། རིགས་ཀྱི་བུ
108b6 མཆོག་འདི་དག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ཨཱ་ཡུརྡྷ་ན་བྷིནྡ་ཡུ་ཚེ་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། དེ་ནས་དངོས་གྲུབ་རྣམ་པ་གསུམ་གྱི་དབང་བསྐུར་བ་འདི་སྐད་དོ། ཧཱུ~ཾ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རིན་ཆེན་དབྱིག། འཇིག་རྟེན་འདས
108b7 དང་འཇིག་རྟེན་འདི་དག་ན། ཚེ་དང་ལོངས་སྤྱོད་དཔལ་དང་གཟི་བྱིན་དང་།། འབྱོར་པ་ཀུན་རྫོགས་བསམ་ཀུན་རྫོགས་པ་ཡི།། རྫུ་འཕྲུལ་མཐུ་སྔོབས་ཆེ་བ་སྣ་ཚོགས་པའི།། འཇིག་རྟེན་འདི་ཡི་དངོས་གྲུབ་ཐམས་ཅད་དང་།། འཇིག་རྟེན་འདས་པའི




iiif viewer powered by OpenSeadragon

108a - 109a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud