| | e-texts navigator
|
107b1 དང་།། ཐམས་ཅད་མ་རྒྱས་རྒྱུན་གྲུབ་ཆོས་ཀྱི།། ཆས་རྣམས་ཐམས་ཅད་དང་གི་སེམས་སུ་འདས།། སེམས་ཀྱི་རང་བཞིན་ཅུ་ཡང་མ་ཡིན་པའོ།། ཐེག་ལ་སྨོས་པ་མེད་པའི་རང་བཞིན་པ།། མཉམ་པ་རྒྱལ་པས་ཀུན་ལ་དབང་བསྒྱུ་དུ།
107b2 ཆོས་ཉིད་ཐེག་པའི་རྒྱལ་པོ་རྫོགས་པ་ཆེ།། མ་འདྲེས་ཅིར་ཡང་སྟོན་པའི་ཐེག་པའི་མཆོག། འདི་དག་མ་ལུས་མྱུར་དུ་རྫོགས་པའི་ཕྱིར།། རྒྱལ་ཐབས་སྤྱི་བླུགས་དབང་མཆོག་འདི་བསྐུར་བས།། ཡོངས་ཀྱི་དབང་ཕྱུག་ཐབས་ཀྱི་རྒྱལ་པོར་ཤོག། ཨཱཾ་སརྦ
107b3 ཏཐཱ་ག་ཏ་མ་ཧཱ་ཀྴ་ཎྜེ་རཱ་ཛ་སྠ་ཤེ་ན་ཤྭ་རསྭ་བྷཱ་ཝ་ཨཱཿ་ཀོ&ཧཾ།། དེ་རྣམས་ཀྱང་གོང་མ་བཞིན་ནོ།། དེ་ནས་རྡོ་རྗེ་རྒྱལ་ཐབས་ཀྱི་དབང་བསྐུར་བ་འདི་སྐད་དེ།། ཧླགྲ་མེད་རྒྱལ་པ་རྣམས་ཀྱི་གས་པཆེན་གང་།། ངེས་པར་བརྟགས་པའི་གེ་འཕང་གང་ཡིན་པ།
107b4 བདེ་གཤེགས་གདུང་འཛིན་དགོངས་པ་ཡབ་དང་མཉམ།། ཐབས་ཀྱི་ཕྲིན་ལས་ཉན་རྫོགས་ཉེར་བ་རྫོག་གནས།། སྡང་བའི་ཕྱོགས་འདུལ་མ་རེག་འདྲེན་མཛད་པ།། ཐབས་ཀྱི་རྫུ་འཕྲུལ་གདུག་པ་ཤིན་ཏུ་འདུལ།། སྣོད་ལྡན་རྣལ་འབྱོར་འདུལ་བའི་མཆེད་འདྲེན
107b5 པའི།། རྡོ་རྗེ་རྒྱལ་ཐེབས་དབང་རྣམས་ཐོབ་པར་ཤོག། ཨཱི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷཱཎྚེ་བཛྲ་བོ་ལི་ཀ་གྷ་ར་ཡ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། དེ་ནས་ཀརྨ་གིང་གི་དབང་བསྐུར་བ་འདི་སྐད་དོ།། ཀྵིཾ་འགྲོ་ཀུན་བླ་མེད་ཐར་པའི་ལམ་སྟོན་ཅིང་།། ངན་སོང་གནས་སྤངས་ཐར
107b6 པའི་ཕྲིན་ལས་མཛད།། ཐམས་ཅད་འདུལ་བས་ལས་ཀྱི་ཀརྨ་ར་བསྐོས།། ཕྲིན་ལས་མ་ལུས་རྫོགས་པར་བྱ་བ་དང་།། མཆོད་པ་དུས་དྲུག་གནས་སྲ་སྟོབ་པ་དང་།། ལས་དང་བྱ་བ་མ་ལུས་གཞུང་བསྲང་བའི།། ཀརྨ་གིང་གི་དབང་མཆོག་འཐོབ
107b7 པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧི།། དེ་ནས་གིང་གི་དབང་བསྐུར་བ་ནི་འདི་སྐད་དོ།། ཧཱུཾ་ཐབས་དང་ཤེས་རབ་ལྡན་པ་ཡི།། གསལ་བ་ཐབས་ཀྱི་འཕྲོ་འདུ་ལས།། ཡང་དག་སྙིང་པོ་རབ་བསྟན་པའི།། བདེ་བའི་ཕྲིན་ལས
iiif viewer powered by OpenSeadragon
107a - 108a