e-texts navigator
Collection
Volume
Page
Wylie

107a1 པ་དབུལ་འཁར་ལ།། ཡེ་ཤེས་མེ་བར་རྟགས་པའི་འདའབ་ཏུ།། ཚོགས་འབར་བའི་དབང་མཆོག་རབ་འབར་བྱའོ།། ཡེ་ཤེས་མེ་དཔུང་འབང་བ་ཆེན་པོའི་དས།། གདུག་པ་པ་ལ་གནན་ས་དག་བཅུག
107a2 མཛད་ཅིང་།། སྡུག་བསྔལ་ན་མརྒྱན་ལ་པའི་མས་བསྲེགས་ཤིང་།། ཡང་གི་སེམས་ཅ་ཐུགས་རྗེ་ཐབས་འབར་བ།། ཀུན་པ་མེད་པའི་འབང་བ་ཆེན་པའི་དབང་།། རིགས་ཀྱི་བུ་མཆོག་དབ་མཆོག་འཐབ་པ་ན་ས་ཏ་ཏཱ་ག་ཏ
107a3 ཤྭར་ཛཱ་གྷོ། \ུ྅\ུ0f7f།། དེ་ནས་རིམ་པ་གོང་མ་བཞིན་པའོ།། དེ་ནས་འཁོར་ལོས་གྱུར་པའི་རྒྱལ་པོའི་དབང་བསྐུར་བ་འདི་སྐད་དོ།། རྗེ་རྒྱལ་ཟིད་ཡོངས་སྤྱོད་དཔམ་དང་ལྡན།། འཁར་ལོ་རིན་ཆེན་བླང་ཆེན་རིན་ཆེན་བདུན།། འཇམ་བླ་ཟིང་བཛྲ་ཡང་སའི་སྦྱོང་དེ།
107a4 ལྷ་ཡི་རྒྱལ་པོ་མན་ཆད་ནས།། རྒྱུང་དྲུག་སེམས་ཅན་ཐམས་ཅད་ལ།། ཡོངས་སུ་སྤོང་བའི་རྒྱལ་པོ་སྟེ།། ཐམས་ཅད་མ་ལུས་འདྲེན་བྱེད་པ།། སེམས་ཅན་ཀུན་གྱི་དོན་བྱེད་ཅིང་།། མ་ལུས་ཡངས་ལ་དབང་བསྐུར་བའི།། རྒྱལ་ཐེབས་གོ་འཕང་འཐོབ
107a5 པར་ཤོག། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་པ་རི་ཀུ་རུ་མ་ཧ་ཤྭ་ར་གྷུ་ཧྣེ་ས་མ་ཡཱ་ར་ཏཱ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། དེ་ཡང་རིམ་པ་བཞིན་ནོ།། དེ་ནས་རྒྱལ་ཐབས་སྟེ་བླག་གི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཐམས་ཅད་སྤུན་སྔགི་ཀུན་ཏུ་བཟང་པོའི་རྫས།། རང་བཞིན
107a6 སྤོས་མེད་ཀུན་ཏུ་བཟང་མོའི་ངང་།། གཉིས་མེད་ཐབས་ཀྱི་རྒྱལ་པོས་ཡོངས་ལ་ཁྱབ།། ཐབས་ཀྱི་རྒྱལ་པོས་ཡོངས་ལ་དབང་བསྐུར་ཏེ།། ཀུན་ཏུ་བཟང་པོ་རང་བྱང་བཅོམ་ལྡན་འདས།། ཆོས་ཀྱི་དབྱིངས་ལ་གཅིག་ཏུ་བཞུགས་པ་ཡི།། རང་རིག་བྱང
107a7 ཆུབ་སེམས་ཀྱི་ལྷ་ཡིན་ཏེ།། དོན་དང་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ།། ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡིས།། ཡོངས་ལ་དབང་བསྒྱུར་སེམས་ཀྱི་རྒྱལ་པོར་ཤར།། རང་སེམས་རྣམ་དག་ཏོགས་པའི་ཡེ་ཤེས་ཤར།། བྱང་ཆུབ་སྙིང་པོ་བདེ་བ་ཆེན་པོ




iiif viewer powered by OpenSeadragon

106b - 107b

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud