e-texts navigator
Collection
Volume
Page
Wylie

106b1 དབང་ཆེ་གེ་མོས་ཐོབ་པར་གྱུར་ཅིག་ཅེས་བརྗོད་ལ། བདག་ཉིད་ཀྱིས་ཀྱང་རྡོ་རྗེ་རྒྱལ་པོའི་དབང་བདག་ཆེ་གེ་མོས་ཐོབ་པར་གྱུར་ཅིག་ཅེས་བརྗོད་ལ། ཕྱོགས་བཅུར་གྲགས་པ་བསྐྱེད་ལ་དབང་མས་བླང་ངོ་།། དེ་ནས་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་ནི།
106b2 ཧཱུཾ་རང་བཞིན་དབྱེར་མེད་དཀྱིལ་འཁོར་ནས།། འཁོར་བ་མྱ་ངན་འདས་པ་ཡི།། ཆོས་ཀྱི་རྒྱལ་སྲིད་དམ་པ་ནི།། མྱ་ངན་འདས་པའི་ཡོན་ཏན་རྣམས།། རྡོ་རྗེའི་དཀྱིལ་འཁོར་ངས་སྤྲུལ་པས།། རྡོ་རྗེ་སློབ་མཆེ་གེ་ཁྱོད།། ཆོས་ཀྱི་རྒྱལ་སྲིང་མ
106b3 པཾ།། རིགས་ཀྱི་བུ་མཆོག་རྡོབ་པར་ཤོག། ཨོཾ་སརྦ་དྷ་ཐཱ་ག་ཏ་དྷརྨཱ་རཱ་ཛ་ཙཀྲ་གྷཱ་ཧྱེ་ཤྭ་ར་ཨཱཏྨ་ཀོ&ཧཾ།། ཞེས་བརྗོད་པ་གོང་མ་བཞིན་ནོ།། དེ་ནས་ཡང་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་འདི་སྐད་།། ཧཱུཾ་བདེ་གཤེགས་ཐུགས་ཀྱི་སྲས་པོ་དམ་པའི་མཆོག
106b4 སྔོན་གྱི་ཐུགས་དམ་བཀའ་ད་མི་འགལ་ཞིང་།། དགོངས་པ་ཡོད་བཞིན་ན་མ་མཁའི་མཐའ་དང་མཉམ།། ཕྲིན་ལས་སྐྱབས་མཛད་མ་དག་འདྲེན་མཛད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྦྱར་བྱེད་དེ།། ཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག
106b5 མ་ལུས་འགྲོ་བ་ཡོངས་ཀྱི་རེ་སྐོང་བ།། སྟོན་པའི་སྒོན་མ་མ་ལུས་ཁ་ལོ་འདྲེན།། ཤེས་བྱའི་མཐའ་རྫོགས་ཡོན་ཏན་ལྡན་གྱིས་གྲུབ།། སྡུག་བསྔལ་བསྐྱབ་མཛད་མ་རིག་འདྲེན་མཛད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྦྱར་བྱེད་པ།། སངས་རྒྱས་གདུང
106b6 འཚོ་བ་རྡོ་རྗེ་སློབ་དཔོན་མཆོག། གང་ཡིན་མངོན་དུ་གྱུར་པ་གྲུབ་པའི་དབང་།། དབང་མཆོག་མ་ལུས་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་གྷ་རྱ་གྷཱ་ཧྱེ་ཤྭར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། དེ་ཡང་གོང་མ་ལྟར་བསྒྲགས་སོ།། དེ་ནས་འབར་བ་ཆ
106b7 པོའི་དབང་བསྐུང་བ་ནི།། ཧཱུཾ་ཐུགས་རྗེ་ཐབས་མཁས་རང་བྱུང་ཧེ་རུཀ། ཁམས་གསུམ་དབང་བསྒྱུར་རང་བྱུང་བཅོམ་ལྡན་འདས།། གདུག་པ་བསྲེག་མཛད་འབར་བ་ཆེན་པ་ནི།། རྩི་བྲའི་ཚེ་མཆོག་དབང་མཆོག་ཆེ་བ་སྒྲ།། རྟོགས་པ་ཐུགས་རྗེ་འབ




iiif viewer powered by OpenSeadragon

106a - 107a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud