| | e-texts navigator
|
106a1 ཆེན་པའི་དབང་དང་། འཁོར་པས་མྱུར་བའི་རྒྱལ་བའི་དབང་དང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་དང་། ངོ་རྗེ་རྡུལ་ཐབས་ཀྱི་དབང་དང་། ཀམ་འི་ད་བུ་དང་། གང་ག་དབང་དང་། ཉན་པ་འི་དབང་དང་། བསླབ་པའི
106a2 དབང་དང་། ཕྲིན་ལས་མཐར་ཕྱིན་པའི་དབང་དང་། ཐབས་དང་ཤེས་རབ་ཀྱི་དབང་དང་། འཇིག་རྟེན་ཚེའི་དབང་དང་། དངོས་གྲུབ་རྣམ་གསུམ་གྱི་དབང་དང་།། མཐུ་སྟོབས་ཕྲན་སུ་མཚོགས་པའི་དབང་དང་། བཟད་པའི་དབང་དང་། དེ་བཱ
106a3 གསང་བ་ཡུམ་གྱི་དབང་དང་། རྒྱན་ཆས་རྟགས་ཀྱི་དབང་དང་། དུར་ཁྲོད་ཆས་ཀྱི་དབང་དང་། མོངས་སྤྱོད་རྫས་ཀྱི་དབང་དང་། ཕྱི་ནིང་གསང་བ་གསུམ་སྟི་དབང་སྟེ་ཉི་ཤུརྩ་གཅིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་དབང་སྐུར་བའི་རྒྱུད་ལས
106a4 འདང་། དབང་གི་རིམ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་དབང་བསྐུར་བར་བྱ་བའི་ཕྲིན་ལས་ཐབས་ཀྱི་རྒྱལ་པོ་འདི་གསུངས་སོ།། དེ་ལ་དང་པོ་རྡོ་རྗེ་རྒྱལ་པོ་དབང་བསྐུར་བ་ནི།། བྷྲཱུཾ་མཁའ་མཉམ་དབྱིངས་ཀྱི་དཀྱིལ
106a5 འཁོར་ནས།། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱིས།། ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེ།། ཐམས་ཅད་འདུལ་བའི་དབང་གི་མཆོག། བྱིན་རླབས་ཐབས་ཀྱིས་བརྩེད་དགོངས་ཏེ།། ཐབས་ཀྱི་ཆོ་འཕྲུལ་པས་མ་ཡས་པ།། འཇིག་རྟེན་གསུ
106a6 རྣ་མེད་པ་ཡི།། སྐུ་གསུང་ཡོན་ཏན་བསམ་མི་ཁྱབ།། ཐམས་ཅད་ཀུན་ལ་རྒྱལ་བ་དང་།། སྲིད་པ་གསུམ་ལ་དབང་བསྲུང་ཞིང་།། རྡོ་རྗེ་ཐབས་ཀྱི་རྫུ་འཕྲུལ་གྱིས།། ཁམས་གསུམ་རེ་སློང་རྒྱལ་པོར་ཤོག། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨཱ~ཾ།། ཝཱཀ
106a7 ཙིཏྟ་བྷྲཱུཾ། བཛྲ་རཱངོ་མཧཱ། གྷུ་ཧྱེ་ཤྭ་ར་ཨཱཏྨ་ཀོ&ཧ~ཾ། བཛྲ་མཱཾ། ཞེས་བརྗོད་ལ། དཀྱིལ་འཁོར་གྱི་སྟོང་དུ་དྲངས་ལ། དམརྫས་ཅི་ཡོད་པས་དབང་བསྐུར་ལ། རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུའི་རྣལ་འབྱོར་པ་ཡོངས་ཀྱིས་ཀྱང་རྡོ་རྗེ་རྒྱལ་བའི
iiif viewer powered by OpenSeadragon
105b - 106b