| | e-texts navigator
|
105b1 དབདག་སློབ་མ་ཡིས།། ཡོན་ལ་ཆགས་པ་མེད་ཕྲལ་ན།། རང་ལ་དབང་རྟགས་ཅ་ཡོད་པས།། སློབ་མ་དེ་ལ་སྦྱིན་པར་བྱ།། གོས་དང་རྒྱལ་མཚན་ལྷང་ལྦབ་རྔས།། ཟང་ཟིང་རྫས་རྣམས་རྗེ་ཡོད་པ།། དབང་བསླསྐུར་རྟགས་སུ་སྦྱིན་པར་བྱ།། སློབ་མས་ཡར།
105b2 ཀྱི་མཆོག་དབུམ་ན།། དབང་རྟགས་མེད་དུ་མེ་རུང་ཞེས།། བཅོམ་ལྡན་འདས་ཀྱིས་ཡང་གསུངས་པ།། དབང་བསྐུར་བའི་དུས་ཚོད་གང་ལ་བསྒྱུར་གསུངས་པ།། དབང་དགུན་རྟོན་དཔྱིད་ར་བ་ཡི།། ཆོས་བརྒྱད་གནམ་སྟོང་ཉ་ལ་བསྐུར།། དེ་ཡང་སྟོན་ཏུ
105b3 བཟང་།། དུས་ཚོད་འདི་དག་མ་ཡིན་པར།། གཞན་དུ་བསྐུར་བར་མ་བྱའོ།། བསླར་ཡང་ཐོབ་པར་མི་འགྱུར་རོ།། དབང་བསྐུར་དགོས་པའི་དོན་གསུངས་པ།། དབང་བསྐུར་བ་ཡི་དགོས་པ་ནི།། རྐྱེ་ནང་ལས་གྲང་ཐམས་ཅད་ཀྱང་།། དབང་བསླར་ནས
105b4 དགོས་ལ།། དབང་བསྐུང་བ་ཡི་དགོས་པ་ནི།། སངས་རྒྱས་ཀུན་ལ་དབང་བསྐུར་ཞིང་།། སྲིད་པ་གསུམ་ལ་མཐུ་དབང་ཆེ།། མཁའ་འགྲོ་དབང་ཕྱུག་ཟན་དུ་འཁོལ།། འཇོག་རྟེན་དགོས་པ་ཐམས་ཅད་འགྲུབ།། གཞན་ཡང་དབང་བསྐུར་དོགས་པན།།
105b5 རྒྱད་ཀྱི་རྒྱལ་པོ་འདི་ཡིན་ནོ།། རྒྱུད་ཀྱིརྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་སྐད་པའི་ཆུང་ལས། དབང་གི་བྱེ་བྲག་གི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རྡོ་རྗེ་སེམས་དཔ་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་གསོལ
105b6 ཀྱིཀྱེ་ཤིན་ཏུ་ངོ་མཚར་དང་ལྡན་པ། ཤིན་ཏུ་བྱིན་རླབས་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་རིམ་པ་དང་།། དབང་བསྐུར་བའི་ཕྲིན་ལས་བདག་ཅག་ལ་སྩལ་དུ་གསོལ། ཨཱ་ལ་ལ་ཧོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འ
105b7 དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཁྱེད་ལ་སོགས་པའི་དབང་གི་དྲིམ་པ་འདི་ཡིད་ལ་ཟུང་ཞིང་། དབང་བསྲུང་བའི་རིམ་པ་ཉི་ཤུ་རྩ་གཅིག་སྟེ།། རྡོ་རྗེ་རྒྱལ་པོའི་དབང་དང་། ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་། འབར
iiif viewer powered by OpenSeadragon
105a - 106a