| | e-texts navigator
|
104a1 ཕྱག་ལེན་ལ་སོགས་པ།། གང་ཡོད་པ་ཡ་རྫས་རྣམས་དང་།། བླ་མད་འབྲས་བུ་ཆགས་གཅོད་པ།། བཀའ་གསང་ངེས་པའི་རིམ་པ་རྣམས།། བདག་ལ་གང་གནས་ཡོད་པ་དང་།། ཐེ་ཚོམ་གང་ལ་ཆེ་བ་ཡིས།
104a2 མན་ངག་ཡི་གེ་གང་ཡོད་པ།། བླ་མེད་ཐག་བཅད་ངེས་བསྲུབས་པས།། དེ་ཡང་བསགས་པས་དེས་དབང་ནོད།། རྫས་རྣམས་འདི་དག་གང་ཡོད་པ།། རིམ་པས་གཞུང་བཞིན་བསགས་པར་འབྱུང་།། སོ་སོར་འཆོལ་བའི་རྫས་རྣམས་དང་།། མ་ངེས་རྙེད་ཙམ
104a3 རྫས་རྣམས་ནི།། ཀུན་ཏུ་བཟང་པོ་ངས་མ་བཤད།། དབང་གི་དཀྱིལ་འཁོར་ཇི་ལྟར་བྲི་བའི་དོན་གསུངས་པ།། དཀྱིལ་འཁོར་ཐམས་ཅད་བརྩིག་པའི་ལུགས།། དང་པོས་གཞི་སྦྱར་བྱས་ནས།། དེ་དག་རྟོག་པའི་གེགས་བསལ་ཏེ།། མཎྜལ་ཆག་ཆག་ཀུན
104a4 བྱས་ནས།། ས་ལ་ཚིག་འདི་བརྗོད་པར་བྱའོ།། ཧཱུཾ་མ་ཆགས་སྐྱེ་བ་མེད་པ་ཡི།། ཆགས་མེད་ཡུམ་གྱི་གཞལ་ཡས་ན།། ཐབས་ཀྱི་འཕྲོ་འདུ་ཡེ་ནས་རོལ།། ཞབས་དང་ཤེས་རབ་འབྲེལ་བ་ཡི།། གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས། བྱང་ཆུབ
104a5 སེམས་སུ་དབང་བསྐུར་ཕྱིར།། དབང་གི་དཀྱིལ་འཁོར་བརྩིག་པར་བྱའོ།། ལན་གསུམ་དག་ཏུ་བརྗོད་པར་བྱ།། དེ་ནས་དཀྱིལ་འཁོར་བརྩིགས་ནས་ཀྱང་།། དམ་མས་དག་གིས་ཆག་ཆག་གདབ།། ཧཱུཾ་འབྱུང་བ་ཡུམ་དུ་དབྱེར་མེད་པའི།། ཐབས་ཀྱི་ཕྱག
104a6 ཎཱ་ཨུམ་རྫོག་ལ།། སྲེད་གསུམ་ཡོངས་པ་དབང་བསྒྱུར་བྱེར།། གཉིས་མེད་མྱོང་བའི་རང་བརྙན་ལ།། བདུད་རྩིད་མཐས་ཆག་ཅག་ག་བྱ།། ཐམས་ཅད་འཆི་མེད་ཡེ་ཤེས་དབྱུང་།། ཡོངས་ལ་བང་བསྲུང་འདི་དག་ཏུག། སྭཱ་བཛྲ་མ་མ།
104a7 ཧཱུཾ།། དེ་ནས་གཟུངས་མ་མཚན་ལྡན་ལ།། ཐིག་སྲུད་གཙང་མ་འཁལ་དུ་གཟུག། དེ་ནས་དགོངས་པའི་གཞུང་བསྲངས་ལ།། དཀྱིལ་འཁོར་ཐིག་ནི་གདབ་པར་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། ཕྱོགས་བཞི་མཚམས་བརྒྱད་མ་འགྲུས་པར།།
iiif viewer powered by OpenSeadragon
103b - 104b