| | e-texts navigator
|
102a1 ན། སེམས་ཀྱི་དབང་རྣམས་དང་།། པདྨ་ཤཱ་དངས་སྲབ་རྣམས།། རྣལ་འབྱོར་བདག་ལཿལ་དྲུགས་པ།། ཨ་ལ་ལྡན། ཞེས་བདདུ་ལ་ན་པས་མོ།། དེ་ནས་དུ་བ་ནད་པ་བདག་གི་སུམ་ཅས་ཐབ་མ
102a2 དགོས་པ་གསངས་པ།། རྩཝ་ཁྱོད་ཡིད་མཐུན་པསམ་པ་གཅིག། བརྩེ་བའི་ཤུགས་འཆང་གསལ་བའི་གྲོགས།། མཚན་ལྡན་མ་མཱཾ་ཡིད་འོང་མ།། དབྱིབས་ལོགས་ངན་ཅིང་མངས་པ་ལ།། རྒྱན་རྣམས་ཅི་ཡོད་པས་བཅན་ནས།། ལུས་ངག་ཡེད།
102a3 གསམ་ཁྲུས་བྱས་ཏེ།། ཕྱི་ནང་དྲི་མ་དག་ཟླས་ནས།། དྲིའི་མ་སྤོས་ཀྱིས་ལུས་བྱུགས་ཏེ།། མཛེས་ལྡན་དར་གྱི་སྒྲུབ་ལྷུབ་ཀྱིས།། ཡིད་དུ་འོང་བར་བརྒྱན་ནུས་ཀྱང་།། ཐོགས་ཆགས་མེད་པར་ཆགས་བྱས་ལ།། གསང་བའི་རྗེ་རུ་གཞག་པར་བྱ།།
102a4 ཡང་ན་དབང་ནོད་གཟུངས་མ་ནི།། སོ་སོའི་དབང་རྣམས་གང་ནོད་པ།། རིགས་དང་མཐུན་པར་སྦྱང་བར་བྱའོ།། དེ་ཡི་ཡོན་ཏན་མཚན་ཉིད་གང་།། སོ་སོའི་རིགས་ལ་ཤེས་པར་བྱ།། དབང་གི་རྒྱལ་ཐབས་དང་ཀརྦའི་ཚུལ་ཇི་ལྟ་བུའི་བྱ་བའི་དོན་ལ། ཡང
102a5 གསུངས་པ།། ཐོགས་ཆགས་མེད་པའི་བློ་ལྡན་ཞིང་།། སྡེ་སྣོད་ཆོས་ལ་རྣམ་གྲོལ་བས།། རྒྱལ་བས་གསུངས་པའི་ལུང་དག་ལས།། གང་དག་ཤེས་རབ་ཤིན་ཏུ་གྲོལ།། རྣམ་པར་དག་པའི་སློབ་དག་གིས།། ཐམས་ཅད་མཁྱེན་པའི་སྟོབས
102a6 གྲོལ་བས།། སྔོན་ཆད་སློབ་དཔོན་མཁས་པ་ཡིས།། རྡོ་རྗེ་རྟུལ་ཐབས་དབང་བསྐུར་ནས།། གཟུང་དང་མཐུན་པའི་དབང་ཐོབ་སྟེ།། རྡོ་རྗེ་རྒྱལ་ཐེབས་ཡིན་ཞེས་གྲགས།། དེ་ནི་དབང་གི་རྒྱལ་ཐེབས་སུ།། ངེས་པར་བཙལ་བ་གཞུང་ལས་འབྱུང
102a7 གལ་ཏེ་དེ་དག་མ་རྙེད་ན།། བདག་གི་བླ་མས་ཅི་མཁྱེན་པ།། དེ་ཡིས་མཁྱེན་པ་དག་ཡོད་ན།། དེ་ཡང་དབང་གི་རྒྱལ་ཐེབས་བྱ།། གཞན་ཡང་དབང་གི་རྒྱལ་ཐིབས་ནི།། བླ་མ་དེ་ལ་སྲས་ཡོད་པ། ཡོན་ཏན་བླ་མ་དང་འདྲ་བ།
iiif viewer powered by OpenSeadragon
101b - 102b