e-texts navigator
Collection
Volume
Page
Wylie

100b1 ཀརྠ་རྟོག་པ་ཆེ་བ་ལ།། དབང་རྣམས་གང་ཡང་མ་བསྐྱང་རོ།། གཞན་ཡང་དབང་རྣམས་མི་བསྐུར་བ།། རིམ་པར་ཡང་དག་བཤད་པར་བྱའོ།། དང་པོར་ཆོས་ལ་ཉམས་ཡོད་དང་།། བར་དུ་སློབ་དཔོན་བརྟས་དྲད་དང་།། ཟ་མར་ཐུགས་ལ་སྲན་འབྱིན་པ།
100b2 བསྐལ་པ་བརྒྱར་ཡང་དབང་མི་བསྐུར།། དད་མེད་གཡོ་སྐུ་ཟོལ་གྱིས་བསྒོ།། བཀང་འགལ་གྲོགས་པོ་ཐབས་ཀྱི་སྤོད།། རང་ཤེས་བྱེད་འདོད་ཐོས་བཅུང་།། ཐེག་པ་ཆེན་པོར་ལྟུང་བྱེད་པས།། དྲི་ལ་དབང་རྣམས་མ་བསྐུར་ཏེ།། དེ་རྣམས་དུས་གསུམ
100b3 དགྲ་དྷ་ཡང་།། དབང་གི་དཀྱིལ་འཁོར་ལ་མི་བསྙེན།། བསྟང་ཡང་སྙེང་ལ་ཉམས་པས་ནོན།། གཞན་ཡང་དབདེ་རྣམས་མི་བརྐྱར་བ།། སྟོང་པ་ཟབ་མོ་དབང་ལ་གཡེངས།། ཕྲིན་ལས་ཟབ་མོ་ཁྲོམ་དུ་སྒྲོགས།། གསང་བའི་རྫས་རྣམས་མངོན་པར་རྗོར
100b4 འདི་ལ་དབང་རྣམས་ཡོངས་མི་བསྐུར།། བསུང་ཡང་ཉམས་པ་ཆེན་པོར་འགྱུར།། གཞུང་དུ་འགྲོ་བའི་ཆོས་བོར་ནས།། འོག་མའི་ཆོས་ལ་བློ་འཇུག་ཅིང་།། ཐེག་པ་ཆེ་ལ་འཕྱས་འདོགས་པ།། དེ་ལ་དབང་རྣམས་ཡོངས་མི་བསྐུར།། བསྐུར་ཡང་གསང
100b5 སྔགས་བཀའ་སུན་འབྱིན།། དེ་ཡི་སྡིག་ཀྱང་བདག་ལ་འོང་།། དེ་ནི་དབང་གི་སློབ་མ་ཡི།། མཚན་ཉིད་ཡིན་པས་ཤེས་པར་བྱའོ།། དབང་གི་སློབ་དཔོན་ཇི་ལྟ་བུ་ལ་དབང་ནོད་པར་བསྟན་པ་ཡང་གསུངས་པ།། སྔགས་པ་རྣལ་འགྲོར་བློ་ཡོད་པ།། དབང
100b6 ཐོབ་པ་ཡི་རྟགས་དག་ན།། ཆུད་འདི་ཡོངས་སུ་འཆད་ཅིང་སྟོན།། དབང་རྟགས་ཕྱག་རྒྱ་འདི་འདོན་ཅིང་།། རིམ་པས་དབང་བསྐུར་ཐོབ་པ་དང་།། རིགས་ཀྱི་བཙུན་ཆུད་མཁས་ཆུད་དང་།། རྡོ་རྗེ་ཟམ་པ་མཆད་ལགས།། དེ་དག་རྣམས་དང་མ་ལྡན་ཀྱང
100b7 རླུང་འདི་འཆད་པ་གང་བྱེད་པ།། རིགས་དང་སྔ་ཆེན་གང་ཡིན་ཡང་།། དེ་ནི་དབང་ནོད་སློབ་དཔོན་ཡིན།། གཞན་ཡང་དབང་ནོད་སློབ་དཔོན་ན།། ཤེས་རབ་ཡངས་པས་ཆོས་རྣམས་སྟོན།། ལྟ་བ་ཡངས་པས་ཕྱོགས་དང་བྲལ།། སྤྱོད་པ་མ་འགགས




iiif viewer powered by OpenSeadragon

100a - 101a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud