| | e-texts navigator
|
9a1 བཞག་སྷོ།། རྣལ་འབྱོར་ཅན་གྱིས་ཤེས་པར་བྱ།། ལྷྭམ་སྒྲོག་དྷཱ་རྩོལ་ས་དང་།། གཟུགས་པ་རྡད་དོ་ན་གྲོང་ཁྲུར་དང་།། ཐགས་རྒྱུ་བྷཱུམག་ཡོང་དང་།། མུ་མ་སཐུས་དང་དག་པ་མད་སྲུང་།། ཟླབར་དགས་དསྔགས་སྤྱོད་པ་དང་།
9a2 གྲུབ་པ་དང་ནི་གནས་དག་དང་།། བཟླས་པའི་སྒྲ་དང་ཕྱག་ཆར་རྟོག། ཏིང་འཛིན་ལྦ་བ་ཙོང་བྲལ་བརྟག། ཇི་ལྟར་སྒྱུ་མའི་མཚན་ཉིད་ནི།། རྗེས་བུ་དག་གི་རྩོལ་བ་དང་།། སྤྱན་དང་སྔགས་ཀྱི་ཐོང་བ.ལས།། དབང་པོ་ཡིད་འཕྲོག་ཅེར་བླང་ཡང་།། དེ་ལ
9a3 རོང་ག་ལ་ཡོད།། དེ་ལྟར་སྒྲུབ་པའི་མཚན་ཉིད་ཀྱང་།། ཡིག་འབྲུ་རྫས་ཀྱི་སྦྱོར་བ་ལས།། གྲུབ་པར་སྣང་ཡང་རང་བཞིན་མེད།། ཇི་ལྟར་སྨིག་རྒྱུའི་མཚན་ཉིད་ནི།། ཞིང་པའི་དུས་ཀྱི་ཟླ་བ་ལ།། དྲོད་དང་ཉི་མའི་སྦྱོར་བ་ལས།། བྲེས་པ་གདུངས་པའི
9a4 རང་བཞིན་གྱིས།། ཆུ་ཡི་འདུ་ཤེས་ཅི་བསྐྱེད་ཀྱང་།། ཚིམ་པའི་རྒྱུད་ནི་ག་ལ་འགྱུར།། གསང་སྔགས་མེང་གི་ཁྱད་པར་ཡང་།། རང་བཞིན་མི་དམིགས་སྟོང་པ་ལ།། མཚན་མའི་ཐ་སད་མིང་དུ་བཏགས།། དེ་ཉིད་སྤོད་པས་མིང་མི་དམིགས།།
9a5 དཔེར་ན་རྨི་ལམ་རང་བཞིན་ནི།། སྐྱེས་བུ་གཉིད་ཀྱི་དབང་གྱུར་ན།། ཐང་ཅིག་སྐད་ཅིག་ཡུད་ཙམ་དང་།། ལོ་ལ་སོགས་པ་དེ་བཞིན་དུ།། བདེ་དང་སྡུག་བསྔལ་དེ་བཞིན་མྱོང་།། སངས་ནས་ཅེ་ཡང་མི་དམིགས་ལྟར།། དེ་བཞིན་སྟེགས་ཀྱི་སྤྱོད་པ་དག། སྟོང
9a6 མ་ཉིད་ཀྱི་རང་བཞིན་ལ།། སྤྱོད་པའི་རྣམ་པ་ཅིར་སྣང་ཡང་།། བརྟགས་ན་དམིགས་པ་ཀུན་དང་བྲལ།། གཟུགས་བརྙན་སྡང་བའི་མཚན་ཉིད་ན།། དཔེར་ན་གདོང་དང་མེ་ལོང་ལས།། བརྟེན་ནས་བཞིན་གྱི་གཟུགས་ཀྱང་ཡང་།། རད་པར་གྱུར་པ་ག་ལ་ཡོད།། དེ་བྱེའི
9a7 སྔགས་ཀྱི་དངོས་གྲུབ་ཀྱང་།། སྒྲུབ་དང་ཏིང་འཛིན་ཡོ་བྱད་ལས།། བརྟེན་ནས་དངོས་གྲུབ་ཚུལ་བྱུང་ཡང་།། གསོལ་ཐེབ་དམིགས་པ་ག་ལ་ཡོད།། དྲི་ཟ་གནས་པའི་རང་བཞིན་ནི།། མཁའ་འམ་ཡིད་ཀྱི་མཁའ་འོས་ལ།། དྲི་ཟའི་གཟུགས་ནི་གར་བྱུང་ཡང་།། གྲོང
iiif viewer powered by OpenSeadragon
8b - 9b