| | e-texts navigator
|
98b1 རྣལ་འབྱོར་པ།། རྡོ་རྗེ་རིག་འཛིན་རྩལ་ལྷའི་ཟས།། ལྡེ་གུའི་ཆོ་ག་ཆེན་པོ་ནི།། འདི་ལྟར་ཁོང་དུ་ཆུད་པར་བྱ།། སྦྲང་རྩི་བུ་རམ་རྐུན་འབྲུམ་རྣམས།། ལོ་ཡི་འཚོ་བར་སྦྱར་ནས་ཀྱང་།། ཁ་དོག་མཚན་ལྡན་དམར་པོའི་བ།། ལོ་ཡི་འཚོ་བར་གཟུང་ཞིང་བསྲེལ།། སྔན
98b2 ཀྱི་རྒྱལ་པོར་མ་ཉེ་བས།། རྒྱུན་དུ་གསོས་པའི་འོ་མེདེ།། རིག་འཛིན་ཟས་ཀྱི་མཆོག་ཏུ་འགྱུར།། བདུད་རྩི་རྒྱལ་མོ་རམ་ཉེ་བ།། ཕྱེ་མའི་མཆོག་ཏུ་བྱས་ནས་ཀྱང་།། ལོ་ཡི་འཚོ་བའི་སྐྱར་བྱས་ཏེ།། སུས་མི་མཐོང་བའི་ས་ཕྱོགས་སུ།། བསྒྲུབ་རྫས་དེ་དག་འཀྲམ
98b3 ནས་ཀྱང་།། བདུད་རྩི་བསྒྲུབ་པ་དེ་བཞིན་བྱ།། དུས་བབ་པ་ཡི་ཚོད་རྣམས་པ།། བསྒྲུབ་རྔས་དེ་དག་ཐམས་ཅད་ཀྱང་།། བ་ཡི་འོ་མས་ལྡེ་གུར་བྱ།། ཆ་རེས་བསྐྱེད་ཅིང་བཟའ་བར་བྱ།། ཟོས་པའི་ཡོན་ཏན་བསམ་མི་ཁྱབ།། ཟག་པ་ཟད་ནས་ནམ་མཁར་འགྲོ།།
98b4 ཞེས་གསུངས་སོ།། བདུད་རྩི་ལྡེ་གུའི་བསྒྲུབ་པ་རྣམ་པར་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། འདི་ཡང་གོང་མ་ལྟར་བྱས་ཏེ།། དེ་དང་མི་མཐུན་བསླབ་རྫས་རྣམས།། བདུད་རྩིར
98b5 འགྱུར་བའི་སྨན་རྣམས་ཀུན།། ཐམས་ཅད་ཐམས་ཅད་བསྡུ་བར་བྱ།། ཏིལ་ཆེན་ལ་སོགས་ཐུན་གྱི་མཆོག། ཐམས་ཅད་བསླུས་ཤིང་སྐུར་བྱས་ནས།། གརྦྷ་སྱ་གླང་གོང་མ་བཞིན་བཙལྱ་ཏེ།། བདུད་རྩི་བཀྲམ་ནས་བསླབ་པར་བྱ།། འཕྲོ་འདྲ་བ་རྣས
98b6 རྒྱན་མི་གཅད་།། གྲུབ་པའི་རྫས་སུ་གྱུར་པ་དང་།། སྨན་རྣམས་ཕྱེ་མར་བརྟག་པར་བྱ།། དེ་དག་ཕྱི་མར་གྱུར་པ་དང་།། ཞུན་ཆེན་དེག་དང་སྦྱར་བར་བྱ།། སྦྱོར་བའི་ཆོ་ག་རྫོགས་པ་དང་།། དངོས་གྲུབ་མཇོག་ནི་བླང་བར་བྱ།། གཞན་ནམ་གཞན་གྱི་སྡེ་པ་དང་།
98b7 ཡིས་པ་ཤུགས་ཏེ་འཕྲེང་མི་བྱ།། འཚེ་བ་བདུད་རྩི་ཚུན་གྱིས་སྦྱར།། བདུད་གྱི་གྲུབ་པའི་རྟགས་ཆེན་ནེ།། ང་སྒྲ་ལངས་དང་གི་བྲི་མདངས་འབ་། ཁྱད་ཀྱི་བྱིས་བྲལ་བ་དེ་བང་རྩེ།། ཤེས་རབ་གས་ལ་ཞིང་ཐོགས་པ་མྀ་། ཐུག་པ་ཟང་ནས་རྣམ་མ་ཁ་།
iiif viewer powered by OpenSeadragon
98a - 99a