e-texts navigator
Collection
Volume
Page
Wylie

97a1 མ་བཞིན་དུ་ལེགས་སྦྱར་ནས།། མཿ་མཛངད་དང་མཐུན་པ་ལ།། བདྨ་མང་བ་འོད་ཀྱི་མཁའ།། ཕྱི་ས་ཟླག་མ་མང་བ་བཞི།། རྡོ་རྗེ་འབར་བས་མཛེས་པར་བསྐོར།། མེ་ལྕེ་འབར་བའི་ཕྲེང་བ་ནི།། ཟླག་མ་མཐའ་ཟང་སུ་བར་བྱ།། རིན་མནན
97a2 པར་ཕྲེང་བས་ནི།། པདྨའི་ལྕེ་ལ་བསྐོར་བར་བྱ།། སྒོ་བཞི་རིན་ཆེན་འབར་བས་བྱ།། ཕྱག་རྒྱ་འབར་བའི་ལྷ་བཀོད་ན།། དབུས་སུ་གསེར་ཕོར་སྩལ་མེད་ལ། དུང་ཆེན་འཁོར་བ་ཅན་གྱིས་སྦྱར། ཤར་དུ་ཤེལ་ཕོར་སུལ་འགྲེང་ལ།། རིན་ཆེན་མཛོད་སྲུགས་པ་བས
97a3 སྦྱར།། ལྷོ་རུ་རིན་ཆེན་སུལ་མངལ།། རིན་ཆེན་ལོ་འདབ་རྒྱས་པས་སྦྱར།། ནུབ་ཏུ་རྒྱ་ཕོར་ཟླ་ག་མ་ལ།། བཞིན་མཚམས་རིན་ཆེན་འབུར་གཉིས་སྦྱར།། བྱང་དུ་བསེ་ཕོར་རྒྱ་གྲམ་ལ།། གཙུག་ཏོར་རིན་ཆེན་འབུར་བཞི་རྒྱས།། རྩ་བ་ལྔ་ནི་ཕྱོགས་ཕྱོགས་སྦྱོར།།
97a4 ལྔའི་གཙོ་བོ་རིགས་སུ་སྦྱར།། དབུས་ནས་ཤར་ལྷོ་ནུབ་བྱང་དུ།། ཀ་ཀོ་ལ་དང་དུ་རུས།། ཛ་ཏེ་ཕ་ལ་ཁྭ་དྲི་ཞིམ།། ཁྱེ་བོག་དཀར་ཞེས་རིམ་པར་སྦྱར།། དེ་བཞིན་གོང་གི་རིམ་པ་བཞིན།། ཨ་རུ་ར་དང་ག་པུར་དང་།། གུར་གུམ་པདྨ་ལི་ག་དུར།། དེ་ན་རཱྀ་ས་ཡཱ་ན
97a5 རྣམས།། ཐམས་ཅད་ངོགས་དང་ཁ་དོག་དང་།། ལས་དང་མཐུན་པར་སྦྱར་བར་བྱ།། ས་བོན་ལྔ་ནི་རིམ་པར་སྦྱར།། དབ་པ་དང་ལྡན་པའི་སྣོད་ནང་དུ།། ཡབ་ཡུམ་སྙིང་པོ་རིམ་བཞིན་བྱ། དབུས་དང་པདྨ་ལྕེ་ལ་དགོད།། གནས་ཡུལ་ལ་སོགས་མཛེས་པར
97a6 གཞག། དུར་ཁྲོད་རྫས་དང་བཀྲ་ཤིས་རྫས།། འབྱོར་པའི་ཡོ་བྱད་ཐམས་ཅད་བཤམས།། དེ་ནས་བྱིན་ཕབ་དངོས་གྲུབ་གསོལ།། ཐམས་ཅད་རྣམ་པར་སྦྱར་བར་བྱ།། དམ་པ་དེ་ཉིད་གསང་ཆེན་གྱི།། རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས།། ཐམས་ཅད་སྦྱར
97a7 བའི་མཆོག་ཏུ་བྱ།། དེ་ནས་ཁྲོལ་བུ་སྦྱང་བ་ན།། བསལ་བསྔོ་བསྡུ་དང་དབྱེ་བ་དང་།། ཁྲུས་བྱེ་བ་དང་བཤགས་པ་དང་།། ཡོན་ཏན་བརྗོད་དང་བྱིན་དབབ་བྱ།། དེ་ནས་སྐད་ཅིག་ཐང་ཅིག་གམ།། ཞག་གཅིག་དག་གིས་སྦྱར་བར་བྱ།། རྟགས་དག་བྱུང་ན་དར




iiif viewer powered by OpenSeadragon

96b - 97b

Texts on this page

Gdg007.1 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo