| | e-texts navigator
|
96b1 ཕྱིར་ཞེ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་ན་ནི་འཚོ་བ་ཆོས་ཉིད་ཀྱི་ཚེ་ཡིན།། མ་རྟོགས་ན་ནི་འཆི་བ་འཁོར་བའི་དུག་ཡིན།། དེ་བས་ན་ཆོས་འདི་དག་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཤེས་པར་བྱའོ།། དེ་ལྟར་ཤེས་ནས་ཀུན་རྫོབ་ཏུ་འདི་ལྟར་བསྒྲུབ
96b2 པར་བྱའོ།། ཇི་བཞིན་འབྱུང་ལྡན་བདེ་སྦྱར་ནས།། མཐེ་ལོག་པའི་སྙིང་ག་རུ།། འདོམ་གང་ཚད་དང་མཐུན་པ་ལ།། རྩིབས་བརྒྱད་འབར་བའི་འཁོར་ལོར་གདབ།། མེ་ཡི་འོད་ཀྱིས་བསྐོར་བར་བྱ།། རྡོ་རྗེ་རབས་བསྐོར་བ་ཡི།། མཐའ་མོ་སྒོ་ཁྱུད་འབར་བར་བྱ།།
96b3 དས་སུང་རྗེན་བརྒྱ་བྱ།། དེ་ན་ཕྱག་རྒྱ་བང་བྱེ་དགོད།། བདུག་བསྐུལ་པ་གནས་མཆོག་འདིར།། རལ་པ་ཅན་གྱི་ཕྱོགསུ་འདུས་ཏེ།། དཀྟ་འཇོམས་པའི་མཐུན་གན།། ཕྲེད་པ་གསུམ་པེ་འདིར་གྲོལ་བའོ།། དུས་བཞིན་བྱེད་པའི་དམངས་ཀྱི།
96b4 ས་ད་ད་ས
96b5 སྟོན་མེ་དགུན་ས་སྟེ།། དཔྱིང་རླུང་ནམ་མཁའ་གསང་བར་སྦྱར།། ཆོ་འཕྲུལ་དེ་ལ་དབང་ཐོབ་ནས།། དེ་དགཱ་རལ་པ་ཅན་དུ་བསྲུབ།། ཏིང་འཛིན་རྣམ་པ་ལྤགས་པ་བྱས།། འབྱུང་ལྔ་ལས་བྱུང་ཤ་རིགས་ལྷ།། ཁྱཽ་ཤ་བ་ལང་རྟ་ཤ་དང་།། བྱེ་དང་རི་དགས་སྣ་ཚོགས་ནཾ།
96b6 འཕྲུལ་ཤུགས་སུ་སྒྲུབ་པའི་རྔའོ།། སྒྲུབ་པའི་རྒྱས་ཆེན་འབྱོད་ཆེན་ལྔ།། འཇིག་རྟེན་ཀུན་ལ་དབང་སྒྱུར་བའི།། དེ་ལྟར་རྫས་རྣམས་འབྱོར་པ་དང་།། ཏིང་འཛིན་བསྒོམ་དང་བསྒྲུབ་པ་དང་།། ཐམས་ཅད་སོང་དང་མཐུན་སྤྱ་ནས།། འཇུག་དང་དངོས་གྲུབ་དབང་ཆེན་རྣམས།།
96b7 ཅི་རིགས་པར་ནི་བདེ་བར་སྦྱར།། ཞེས་གསུངས་སོ།། བདུད་རྩི་རང་བྱུང་དཀྱིལ་འཁོར་ཞེས་བྱ་བའི་མདོ་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། གཞན་ཡང་བདུད་རྩི་ཆེན་པོ་ནི།། གོང
iiif viewer powered by OpenSeadragon
96a - 97a