e-texts navigator
Collection
Volume
Page
Wylie

95b1 གསུམ་མ་དཔུང་བྲེ།། གྲཝ་བཞིའི་དམར་པོ་བད་རིམ་ལ།། རིགས་པ་ནི་ལྷ་མཆོག་དཔལ་ལྡན་གཞག། ཡན་ལག་མགོ་མཚན་གཡས་གཡོན་བརྒྱད།། དབང་ཕྱུག་གནས་ཀྱི་བདག་མོ་བརྒྱུད།། བྲི་བྷ་ཡང་ན་མཱཛ་ན་མ་གཞག། རྫོགས་ཆེན་བརྒྱད་ལ་ཡུལ་བདག
95b2 བརྒྱད།། ཇི་ལྟར་འོས་པ་དེ་ལྟར་བྱའོ།། སྒོ་བཞིང་གསང་བསྒོམ་དག་ཞིག། མཐའ་བང་ཡོངས་ཀྱི་ཐག་མ་ལ།། བུད་མེད་ཉི་ཤུམ་བརྒྱད་གཞུག། མིང་ངམ་མ་ཚན་མཁྱེན་ཏེ་གཞག། དེ་ཡི་ཁལ་ཐུབ་ཏུ་བརྩེགས།། བརླད་པ་ལ་བཞུང་བྱིངས་འདྲ་བབ།། མངས
95b3 པས་ཡམ་ཤིང་བཙམ་བུར་བྱ།། བྱ་བའི་བྱ་བ་ཐམས་ཅད་ཀུན།། གོང་དུ་སྟོང་བདེ་ལྟར་སྦྱོར།། ཞེས་གངངས་སོ།། སྤྱད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་འཁོར་བ་ཐམས་ཅད་སྤོལ་བ་བགྲུབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།
95b4 དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་དྲུག་གསུམ་ཐུགས་སུ་དབང་སྒྱུར་བ་ཞེས་བྱ་བའི་མདོ་འདི་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། དྲུག་གསུམ་དབང་དུ་བསྐུར་བ་ཡང་།། འདི་ལྟར་ཁོང་དུ་ཆུད་པར་བྱ།། དྲག་གསུམ་རང་བཞིན་གང་ཡིན་པ།། སྐུ་གསུམ་ཅི
95b5 སྟེ།། གཞན་ནས་བེ་ཙེལ་བ་ཅི་ཡང་མེད།། དེ་ལྟར་ཤེས་པར་འགྱུར་བ་དང་།། ཀུན་རྫོབ་ཚུལ་དུ་འདི་ལྟར་བསྒྱུར།། ཐམས་ཅད་གོང་མ་བཞིན་སྦྱར་ལ།། སྟེགས་བུ་འདོམ་གླེང་པ་ཞིག་ལ།། ཕྱེར་དམར་པོ་རྒྱས་པར་བྱ།། དེ་ནས་མཐིང་ནག་ཟུ་ག་སུམ
95b6 བརྩིག་ས། དེ་ནས་དམར་ནག་ཟླ་བ་མ་བྷ།། ཟླ་ག་མ་དབུས་སུ་དཔལ་ཆེན་འབུར།། དབང་གྱིག་གནས་བཀྱེད་ཟུག་མ་མཐའ།། བང་རིམ་པར་ལ་དུར་ཁྲོད་འབོར།། ཐ་མདད་སྐང་པོ་གྲུ་བཞི་ལ།། སྒོ་བཞི་པོ་སྦྱང་བཅས་པར་བྱ།། དེ་ལྕེ་ཐཱ་མ་ཆིས་བསྐོར།
95b7 འབར་བའི་རྟགས་རྣམས་དགོད།། བསྒྲུབ་དང་འཇུག་དང་དབང་བསྐུར་རྣམས།། གོང་མ་བཞིན་དུ་སྦྱིན་པར་བྱ།། དེས་ནི་ཐམས་ཅད་རྫོགས་པ་ཡིན།། དྲུག་གསུམ་ཐམས་ཅ་ཟིལ་གྱིས་གནོན།། ཞེས་གསུངས་སོ།། སྤྱང་ཀྱི་རྒྱལ་པོ་ཆེན་པོ་རྡོ་ཏྲ་བཀོད་པ་དུན་འདྲེས་རིག་པ




iiif viewer powered by OpenSeadragon

95a - 96a

Texts on this page

Gdg007.1 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo