| | e-texts navigator
|
94b1 རྟོག་རྟོག་འཇོམས་ཏིད་འཛིན་གྱིས།། སྲིད་གསུམ་རུ་དྲ་དྲར་ཁྲོད་དུ།། ཚོགས་བདག་ཆེན་པོ་དེ་བརྒྱད་བྱ།། མ་རིག་མུན་ཁང་སྒོ་ཕྱེད་ནས།། གླང་ཆེན་སྨྱོན་པ་དེ་བཟུང་ནས།། གཟུང་འཇན་དུམ་པོའི་རྟོད་ཐག་བཅང་།། དུག་གསུམ་རྣམ་རྟོག་རྟོད་ཕུར
94b2 དབྱུང་།། ངན་སོང་འདམ་ནས་དྲངས་ནས་ནི།། ཉོན་མོངས་དཔུང་རྒོད་དེ་བརྟུལ་ནས།། ཡེ་ཤེས་ཐབས་ཀྱིས་རྣམ་སྤངས་ཏེ།། ནམ་མཁའི་ཀློང་དུ་དམིགས་མེད་པར།། བདེ་ཆེན་མཆོད་པའི་ཚོགས་ཆེན་དག། རོ་མཆོག་ལྔ་དང་མཉམ་སྦྱང་བས།། ཆོས
94b3 ལོངས་སྤྱོད་རྒྱས་པང་སྦྱར།། མཉམ་ཉིད་བདེ་བའི་སྙིང་རྗེ་ཡིས།། དྲེགས་པ་ཆེན་པོ་གཞོམ་པ་དང་།། འཁོར་བའི་དྲ་བ་གཅད་པའི་ཕྱིར།། ཁྲོ་ཚོགས་འབར་བའི་སྤྲིན་འཕྲོས་པས།། གཏུམཐུང་རྔམ་པ་མགྱོགས་པའི་ཚོགས།། ཕྱག་བརྙན་ཆར་ཆེན་ཕབ་ནས
94b4 ནི།། འཁོར་བའི་རྔ་བ་སྤངས་ནས་ནི།། བདེ་བ་ཆེན་པོའི་ཞིང་བཟློག་སྟེ།། བྱང་ཆུབ་མྱུ་གུ་བསྐྱེད་ནས་ནི།། བྱང་ཆུབ་སེམས་དཔའི་ལོ་ཏོག་བསྐྱེད།། དུར་ཁྲོད་ཆེན་པོའི་བཞིན་ཕྱོགས་ནི།། མགོ་ནི་ལྷོ་ནུབ་མཚམས་སུ་བཏིང་།། རྐང་པ་བྱང་ཤར་ནཚམས་སུ
94b5 བཏིང་།། ང་ནི་དྲར་ཁྲོད་དབང་ཕྱུག་ཆེ།། སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན།། ཐུགས་རྗེ་རྣོན་པོའི་དམག་ཚོགས་ལ།། ཡེ་ཤེས་རྣོན་པོའི་མཚོན་ཚ་ཡས།། ལོག་རྟོག་འཁོར་བའི་རྒྱུན་བཅད་དོ།། གྲུ་བཞི་ཁ་བཞིར་རྡོ་རྗེ་ཡི།། དབྱེ་བས་འདྲའི་ཐབ་ནི་བརྩིགས
94b6 ནས་ཀྱང་།། སྙིང་གར་འཁོར་ལོའི་ཐབ་རྒྱ་བྱ།། རིགས་ཀྱི་ཡམ་ཤིང་ལྔ་བཛྲཱིགས་ཏེ།། ཧོ་མ་ལྷ་འབྲེལ་པའི་ལས་ཆེན་བརྩིགས།། ཐབས་རྐྱེན་ཝ་ཡི་ཧོམ་ཁུང་དུ།། འཁོར་བའི་སྡུག་བསྔལ་ཡམ་ཤིང་ལ།། ཡེ་ཤེས་ཆེན་པོའི་མེ་ཀློང་དུ།། ཉོན་མོངས་ལྔ
94b7 ཡི་བསྲེགས་སྦྱངས་རྫོགས།། བྱ་བར་སྦྱོར་བ་མཐའ་དག་ཀུན།། ཇི་ལྟར་འབྱོར་ཅིང་འཚམ་པར་འོང་།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་བདུས་རིག་པའི་མདོ་ལས་དྲེགས་པ་ཅན་གནོན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤྲེ་པའོ།།
iiif viewer powered by OpenSeadragon
94a - 95a