| | e-texts navigator
|
94a1 གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་རྣམས་དྲེགས་པ་ཅན་རྒྱ་ཚོགས་ཐམས་ཅད་ལ་དབང་སྒྱུར་བར་འདོད་ན་འདི་ལྟར་རིག་པར་བྱའོ།། འདི་ནི་བྱས་ལ་སོགས་པའི་ལུས།། འདི་ལྟར་འབྱོར་དང་ཕུན་སུམ་ཚོགས།། ཐབས་ལ་མཁས་དང
94a2 ཡོ་བྱད་དང་།། ཇི་ལྟར་རིག་པར་འདིར་བསྡུ་བྱ།། དེ་ནས་མུ་ཛྭལ་འདྲ་ཅིག་ལ།། དུར་ཁྲོད་མགོ་མ་ཡང་དུ་བྱ།། ཟུར་པོ་ཞི་མཎྜལ་བཞི་བྱས་ལ།། བཞི་ལས་དེ་བཞིས་ཚིག་རེས་བསྟོད།། དེ་ཉིད་མ་ཏང་གཟུགས་རྦ་བྱ།། སྙིང་ག་མན་ཆད་དབུས་སུ་བསྣོལ།། དཀྱིལ
94a3 འཁོར་ཆེན་པོའི་འོག་ཏུ་གཞུག། འཁོར་ལོ་འབར་བའི་ཐིག་བཏབ་སྟེ།། དཔལ་རྐྱེན་ལྔ་ཡི་ཕྱག་ཅ་བྱེ།། ཁྱམས་གཉིས་དག་གིས་མཛེས་པ་ལ།། གནས་དང་ཡུལ་གྱི་ཕྱག་རྒྱ་དགོད།། སྒོ་བཞིར་རྡོ་རྗེ་འོན་བ་བཞི།། ཡན་ལག་སྤྲུལ་པའི་མགོ་བཻརྙན་གནས
94a4 ཁྱམས་རྡོ་རྗེ་མེ་རི་བྱེ།། དེ་ཡི་རྨྱི་རོལ་ཕྲེང་ཆེན་གཏམས།། སྐམ་དྲང་ངའི་ལྗོན་པས་བསྐོར།། དེ་ཡི་ཕྱི་རོལ་མེ་བུར་འཚུབ།། བསྐུལ་པའི་བུ་ཡུག་བྲི་བར་བྱ།། རྡོ་རྗེ་སྒོ་ཁྱེད་སྒོ་ཁང་དུ།། གུ་གུ་ཐུལ་དང་ཟར་ཚགས།། ཞེང་དང་སྦྲུལ་གྱི་ཆུན་པོ་བྲི།། དེ་ནས
94a5 བོནྡུ་དཔལ་ལྡན་ལ།། རྡོ་རྗེ་དཔལ་གྱི་ཡི་གེ་དག། བྲིས་ལ་ཁ་སྦྱར་སྒྲུབ་སྟེ་གཞག། གའུ་ཆུད་ལ་ངལ་པ་ཅན།། བརྒྱད་བྲིས་འབྱུང་བའི་གནས་སུ་གཞག། ལས་བྱེད་བརྒྱད་དམ་བཅུ་གཉིས་ལ།། ལས་བྱེད་བཅུ་གཉིས་བྲིས་ལ་འགོད།། ཐར་པ་གནས་ཀྱི
94a6 དཀྱིལ་འཁོར་དུ།། གདོལ་པ་འབྱུང་པོ་རྒྱལ་ཅན།། ཆགས་སྔ་རྣམས་ཀྱིས་བསྡད་པའི་རྒྱུ།། དེ་ཡི་དུག་གསུམ་བཤིག་པའི་ཕྱིར།། དོན་གྱི་བསླབ་པ་ཆེན་པོ་བཤད།། རྦཱ་དྲ་ལཱྀ་ཡི་ཚོགས་ཆེན་ཏེ།། ཏིང་འཛིན་ཡེ་ཤེས་ལྔས་བཅོམ་ནས།། རྡོ་རྗེ་དྲོད་ཀྱིས
94a7 རྣམ་པར་སྦྱར།། མདོ་ཡིས་པ་སྟབས་གཅིག་ཏུའོ།། བགེགས་ཀྱི་བགེགས་ཏེ་བགེགས་ཆེན་པོ།། དྲག་ལྔ་རྟོག་པ་ཉིད་ལས་སྤྱོས།། ཁྱེར་དང་གསུམ་གྱི་དྲུང་ཁྲོད་ན།། གཞི་རྩ་ངག་དང་ལུས་སེམས་སོ།། བརྗིད་ལྡན་དཔེཔ་ཆེར་དྲུར་ཁྲོད་བདག་། ཁ།
iiif viewer powered by OpenSeadragon
93b - 94b