| | e-texts navigator
|
93b1 དྲགྷ་བཞི་ལ།། ཐིག་ལེ་བླ་བ་གཅིག་ཏུ་བྱ།། དེ་ལ་སྲད་བུ་བཞི་བསྣོལ་བས།། ལའུ་ཚོ་དགུ་རུ་གྱུར་པར་བྱ།། ཕྱི་རོལ་མུ་ཁྱུད་ཐོད་པས་བསྐོར།། གྲཝ་བཞི་གྲཝ་ཆད་རབ་མཛེས་བརྒྱན།། དེ་ཡི་མཐའ་ཟད་ཁྱམས་གཅིག་པ།། སྒོ་གདོང་སྲུབ་པ་པོ་ལ་ལྟ།། དབུས
93b2 སུ་ཐིག་ལེ་དཀར་དམར་ལ།། ཁ་སྦྱོར་བར་དག་རྡོ་རྗེས་འབྲེལ།། དེར་ནི་དཔལ་ཆེན་ཡབ་ཡུམ་བཞུགས།། ཕྱི་མཚམས་ལེའུ་ཚེ་དེ་བརྒྱད་ལ།། ཟླ་གམ་བརྐྱང་པ་བརྒྱད་བྱས་ཏེ།། ཡེ་ཤེས་གནས་ཀྱི་མ་བརྒྱད་དགོད།། ཕྱི་རོལ་སྒོ་གཅིག་ཁྱམས་དེ་ལ།། བསྒྲུབ་པའི
93b3 རྫས་ཀྱིས་མཛེས་པར་དགྲ་མ།། བསམ་བྱ་བ་སྒྲུབ་པ་ལ་སོགས་ཀུན།། ཐམས་ཅད་དེ་བཞིན་འདིར་སྦྱར་བྱ།། འདི་ལྟར་གྲུབ་པའི་སྐྱེས་བུ་གང་།། ཆོས་ཀྱི་རྒྱལ་པོར་གྱུར་པ་སྟེ།། ཐམས་ཅད་ཀུན་ལ་དབང་སྒྱུར་བའོ།། སྐྱེས་བུ་ཆེན་པོར་དེ་འགྱུར་རོ།། ཞེས་གསུངས་སོ།།
93b4 དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་ཆོ་འཕྲུལ་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་འདི་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། འདི་ཡང་ཐམས་ཅད་དེ་འདྲར་སྦྱར།། ཀུན་དུ་གྲུ་བཞིར་ལྡན་འགྱུར་བ།། འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ།། གྲུ་ཆད
93b5 བཞི་ཡི་ཕྱི་རོལ་དུ།། སྒོ་བཞི་དག་དང་ལྡན་པར་བྱ།། ཕྱི་ཁྱམ་སྣ་དམར་ནག་མེ་རི་ཀློང་།། ཤིན་ཏུ་བརྗིད་ཅིང་འཇིགས་པར་བྲི།། ཐིག་ལེ་དབུས་ཀྱི་སྙིང་པོ་ལ།། བླ་གུ་མོ་འབར་བསྡུ་མཚན་པར་བྱེ།། ཛཱི་བས་མཆོག་བརྒྱད་ལ་ཟླ་ག་མ་ནི།། ནང་དུ་ལྟ་བ་དེ་བརྒྱད
93b6 བྲི།། རྩིབས་མཚན་བརྒྱད་ལའང་དེ་བཞིན་ཏེ།། རྡོ་རྗེ་སྒོ་མོ་བཞི་རྣམས་ཏེ།། ཕྱག་རྒྱ་རིམ་པར་བཀྲམ་བྱས་ནས།། བསླབ་པའི་ལས་རྣམས་ཀུན་རྫོགས་བྱའོ།། དེ་ལྟར་གྲུབ་པའི་རྣལ་འབྱོར་པ།། འཇིག་རྟེན་པ་དང་འཇིག་རྟེན་ལས།། འདས་པའི་ཆོ་འཕྲུལ
93b7 ཐམས་ཅད་ལ།། དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཐིག་ལེ་སྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། ། དེ་ནས་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས
iiif viewer powered by OpenSeadragon
93a - 94a