| | e-texts navigator
|
92b1 ཀྱིས་བདག་ཅག་རྣམས་ཀྱི་དོན་ཆེད་དུ་སྒྱུ་མའི་ཆོས་ཐམས་ཅད་བཤད་དུ་གསོལ་ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོགས་བདག་ཆེན་པོ་སྒྱུ་མའི་ཆོ་འཕྲུལ་ནི་འདི་ལྟར་རིག་པར་བྱའོ།། ཆོས་རྣམས་ཐམས་ཅད་སྒྱུ་མར་སྣང་།།
92b2 མའི་རང་བཞིན་སྟོང་པ་སྟེ།། སྟོང་པའི་དོན་རྣམས་གང་ཡིན་པ།། མི་འགྱུར་མྱི་ཤིགས་རྡོ་རྗེའི་དོན།། སྟོང་པ་ཉིད་ལ་སྒྲ་མ་ཡི།། ཚེ་འཕྲུལ་བྱེ་བ་མང་པོ་འབྱུང་།། དེ་བཞིན་ལྷ་མའི་ཆོ་འཕྲུལ་ཡང་།། གྱི་ནད་ཙམ་གྱི་རྒྱུ་རྐྱེན་ལས།། ཆོ་འཕྲུལ་གཟུགས་ནི་ཐ
92b3 ཧཱཧཱ།། ཀཱར་ཡ་དངོས་པོར་མ་གྲུབ་སྟེ།། འགྱུར་འཇིགས་མེད་པའི་རྡོ་རྗེའི་དོན།། བན་ནོ་བ་སྒྱུ་མའི་མཚན་ཉིད་ཀྱང་།། དྲེ་དང་ཤིང་བའི་གྱ་དགྲ་ལསྲ།། སྨན་དང་སྔགས་ཀྱིས་སེཾན་བུར་ནས།། བབས་རྦ་དྡྷ་མའི་གྱི་འཕྲུལ་འབྱུང།། སྒྱུ་མ་གསང་ཆག་རྩོ
92b4 བནི།། ལྷ་མུའི་བདག་པོས་འདི་སྐད་བ་ཤད།། རྒྱ་ལ་འདོད་པའི་གཟུགས་བྱས་ལ།། ཤེའུ་རིའུ་སྤྱན་གྱིས་བཏབ་ནས་ནི།། གསང་སྔགས་འདི་ཡི་སྦྱོར་བ་བྱ།། ཤེའུ་བུ་ཨི་ན་ཡ།། ཨ་མོ་ཁཱ་ཨ་གུས?་བུས།། ཆག་ཤིང་དག་གིས་བརྡབས་བྱས་ན།། ཇི་ལྟར
92b5 འདོད་པ་སྣ་ཚོགས་བྱ།། བསྡུ་བར་འདོད་ན་སྐར་བཟློག་བྱ།། དེས་ནི་སྒྲ་མའི་གཡེང་བཅན།། དྲང་བའི་ཐབས་ཀྱིས་བཀྲི་བར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྤྱི་མརྡོ་རྗེ་བངྒཱ་བ་ལུགས་ཀྱི་པེ་ཊ་སྟེ་བཅཝ་བཀྱང་པའོ།།
92b6 དེ་ནས་ཡང་སེམས་དཔའི་རྡོ་ཛྙེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ལ་དབང་སྐར་བར་འདོད་ན་འདི་ལྟར་རིག་པར་བྱའོ།། ཕུན་སུམ་ཚོགས་པ་ཀུན་ལྡན་ནས།། སྟེགས་བུ་ཀུན་དུ་གྲུ་བཞི་པ།། མུ་ཁྱུད་གཅིག་ཏུ་བསྐོར
92b7 ནས་ནི།། ཟླ་བ་ཁམ་པའི་དབྱིབས་སུ་སྦྱར།། སྒོ་བཞི་བུ་ཆད་བཞིར་ལྡན་བྱ།། དབྱིབས་ཀྱིས་ཐིག་ལེ་ཟླུམ་པོ་ལ།། རྡོ་རྗེ་དང་ནི་ཉ་མས་བསྐོར།། དབུས་སུ་བླུན་དྷེ་དཔལ་ལྡན་ལ།། དཔལ་ཆེན་ཡབ་ཡུམ་སྦྱར་ལག་ཞག། ཚལ་བུ་བརྒྱད་ལ་གནས་བརྐྱ
iiif viewer powered by OpenSeadragon
92a - 93a