| | e-texts navigator
|
8b1 སླབ་པའི་ལམ་མཆོག་དམ་པ་དག། ཚིག་གིས་མཚན་དེ་གསལ་བར་མཛོད།། ཨཱ་ལ་ས་ཉེ་ཞེས་གསོལ་བ་བཏང་།། དེ་ནས་དམ་པའོ་རྗེས་རྡོ་རྗེ་འསྐོར་ཏེ་བསྒྱུར་ནས་བརྗིད་ལག་ཏུ་རྨིག་ཏུ་མཚོ་ནི་སྟེ་སྨྲས་པ། ཨོཾ་\ུ0f7f།། ཨཱལ་པཏྟོ། རྒྱལ་བའི་སྲས་པས།
8b2 ཅད་མི་གསུང་།། མི་གསུང་བས་ནི་རྒྱ་ཆེར་བཤད།། བཤད་དུ་མེད་པའི་ཆོས་འདི་ནི།། རྒྱལ་བ་རྣམས་ཀྱིས་མ་བཤད་དེ།། དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་།། རྣམ་པར་བརྗོད་པར་མི་བཞེད་དེ།། རྒྱ་ཆེར་བཤད་པར་དགོངས་པའོ།། སྐྱེ་བ་མེད་པའི
8b3 ཆོས་རྣམས་ནི།། མ་སྐྱེས་པར་ཡང་སྙིང་པོར་བཞེད།། སྙིང་པོའི་དོན་དུ་གང་གྱུར་པ།། ཚིག་ཏུ་སྨྲ་བ་ལེགས་མ་ཡིན།། སྤྲོས་པ་ཉིད་ན་གྲོལ་བ་ཞེས།། རྒྱལ་བ་རྣམས་ཀྱིས་ཡང་དག་བཤད།། དེ་བས་རྡོ་རྗེ་རྒྱལ་པོ་ཉིད།། བཀའ་མུ་སྩལ་བར་དགོངས་པའོ།།
8b4 དགོངས་པའི་དོན་རྣམས་གང་འབྱིན་པ།། ཇི་ལྟར་མེ་ལོང་གཟུགས་བརྙན་ལྟར།། དགོངས་དོན་རིག་ལ་སྡུད་གྱུར་པ།། མ་སྐྱེས་སྙིང་པོའི་དོན་གྱིས་ན།། ཚིག་ཏུ་སྤྲོ་བར་མ་ཡིན་ནའང་།། མཚན་མ་ཚིག་གི་རྣལ་འབྱོར་པ།། ཚིག་ལ་ཞིབ་ཅིང་དོན་ལ་རྩིང་།། ཚིག།
8b5 ཕྱིར་བློ་འབྲང་རྩལ་ཞན་རྣམས།། པདྲི་ཕྱིར་བསམ་པ་རངས་བྱ་བ།། མི་དམིགས་པ་ལས་དམིགས་པ་ཡི།། ཆོ་འཕྲུལ་ཚིག་གིས་མཚོན་པ་ནི།། བབྱེད་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། གསང་བ་དེ་ཉིད་སྙིང་པོའི་དོན།། མཉམ་ཉིད་བྱས་ཆུབ་ཐེག་ཆེན་པོ།།
8b6 གསལ་བར་བཀོད་དེ་རེས་བརྗོད་ཀྱིས།། རྒྱ་ཆེན་འཇུས་པའི་ཚོགས་རྣམས་ཉོན།། ང་ནི་དུས་གསུམ་བཞུགས་པ་ཡི།། རྒྱལ་བ་ཀུན་གྱི་སྙིང་པོ་སྟེ།། སྟོང་པར་སྦས་པའི་དོན་འདི་ལ།། དཔེས་མཚོན་ཚིག་གི་ལྡེ་མིག་གིས།། མཉམ་ཉིད་རིག་པའི་སྒོར་བྱེ་བྱས།
8b7 སྦས་པའི་དོན་འབྱིན་གསལ་བྱེད་པ།། སཱ་ལུ་ཕུབ་ཁྲོད་སྣང་མེ་བཞིན།། བསལ་བཏེག་སྭབ་རྙེད་ས་ལེར་འདུག། ཟབ་མོར་སྤྱོད་པ་ལ་མོས་པས།། གང་ཞིག་དོན་ལ་འདྲིས་པ་ཡི།། གསང་སྔགས་སྤྱོད་པའི་རང་བཞིན་ནི།། མཐུན་པའི་དམིགས་བཅུ་པེར
iiif viewer powered by OpenSeadragon
8a - 9a