| | e-texts navigator
|
8a1 ཨེ་མ་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་འདི་ནི་འདི་ལྟར་མཐུ་ཆུ་བ། འདི་ལྟར་བྱིན་རླབས་ཆབ། འདི་ལྟར་རྒྱ་ཆེ་བ། འདི་ལྟར་མཁས་པ། འདི་ལྟར་གསལ་ཞིང་ཟབ་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པ་ལགས་སོ།། ཞེས
8a2 གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇུས་པ་ཆེན་པོའི་ཚོགས་སེམས་དཔའ་རྡོ་རྗེ་འདི་ནི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་ཕྱེ་མོ།། སྙིང་རྗེ་ཐམས་ཅད་ཀྱི་བདག་པོ།། སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན།། བྱང་ཆུབ་སེམས་དཔའ
8a3 རེག་པ་འཛིན་པ་ཐམས་ཅད་ཀྱི་ཡབ། རྣལ་འགྱོར་པ་ཐམས་ཅད་ཀྱི་མེས་ཆེན་པོ།། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་དེད་དཔོན། བདུད་ཐམས་ཅད་ཀྱི་ཡང་བདུད་ཆེན་པོ།། ཆོས་ཐམས་ཅད་ཀྱི་མཛོད། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོར་གྱུར
8a4 པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐོག་པ་དང་ཐ་མ་མེད་པ་མཉམ་པའི་དུས། ཕ་མཐའ་ལས་ཀྱང་ཕྲ་མཐའ། དཔག་ཏུ་མེད་ཅིང་བསམ་དུ་མེད་པ། འབྱམ་ཀླས་པའི་དུས་ནས་བྱ་བ་བྱས་ཤིང་བྱེད་པ་བྱས་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། ཆོས
8a5 ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་ཞིང་གནས་པས་ན། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་ཤིང་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་ཡིན་ཏེ། དེ་འདྲའོ་ཞེས་བཀའ་སྩལ་པ་ལས་འདུས་པའི་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་འདིས་ནི
8a6 འདི་ལྟར་ངོ་མཚར་ལགས་སོ།། བདེ་བར་གཤེགས་པ་འདི་ངོ་མཚར་ལགས་སོ།། སེམས་དཔའ་རྡོ་རྗེ་དམ་པ་ལྔ་ལོགས་སུ་བཏུད་དེ་ལུས་ས་ལ་བརྡེབས་པའི་ཕྱག་རྣལ་འབྱོར་ལུགས་སུ་བྱས་ཏེ། རྨད་དུ་བྱུང་བའི་མེ་ཏོག་དང་། ཚོགས་ཀྱི་མཆོད་པ་སྣ
8a7 ཚོགས་བྱས་ཏེ། འདི་ལྟར་རྨད་ཀྱང་ངོ་མཚར་ཁྱོད།། སངས་རྒྱས་ཐུགས་ལས་རྒྱལ་སྐྱེས་པ།། ཅི་ལྟེར་ཞིང་འདིར་སྣང་ཞིག་གྲེ།། རྣལ་འབྱོར་ཡབ་གྱུར་རྒྱལ་བའི་སྲས།། ངོ་མཚར་ཁྱོད་བྱས་སྤྱོད་པས་ན།། བཀའ་ཡི་འཁོར་ལོ་རབ་བསྐོར་།།
iiif viewer powered by OpenSeadragon
7b - 8b