| | e-texts navigator
|
7a1 ཐཱག་དང་། སྟོབས་ལྡན་དང་། སྤྲེ་དང་། ར་དང་། ཝ་འདི་དང་། སྦྲང་མ་དང་། བྷ་རོག་དང་། མཁྱེར་དང་། འཁོར་བ་དང་། རྒ་དང་། ས་དང་། ནམ་མཁའ་དང་། མྱེ་དང་། སྐྲ་དང་། པུས་པཱངན་ལ་སོགས་པ་བརླག་།
7a2 གནས་པར་གྱུར་ཅིང་རྒྱད་དུ་ཐང་བ་ཉིད་དུ་མཛད་དོ།། དེ་ནས་འོད་ཟེར་དེ་དག་མཁའ་ལ་འཁྱིལ་བ་དང་། འཁོར་མང་པོ་དག་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ། ཨེ་མྲའོ།། ཨམ་བདག་ཅག་བཅོམ་ལྡན་འདས་ཀྱིས་ཟིན་གྱིས་བརྡབ་ཏུ་གསོལ་ཞེས་གསོལ་བ
7a3 བཏབ་པ་ལྔས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞལ་གྱི་མདངས་ཕྱུང་སྟེ། འོད་ཟེར་དེ་དག་ཡེ་ཤེས་ཀྱི་འོད་གི་ཞིང་འཁྱིལ་བ་དང་། མཛེས་ཤིང་བདེ་བ་དང་ལྡན་པས་ཐམས་ཅད་རངས་པར་བྱས་པས་སྣོད་དུ་རུང་བར་རྣམ་པར་སྤངས་ནས་འོད་ན
7a4 དག་འོད་ཀྱི་གནས་སུ་ཐིམ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་ངེས་པར་བཞེངས་ནས་སེངྒ་རྣམ་པར་རྒྱལ་བའི་སྒྲ་ལྟ་བུས་དོན་གྱི་བཀོད་པ། གསང་བའི་ངེས་པ། རྒྱུད་ཀྱི་འགྲེལ
7a5 པ། རྟགས་ཀྱི་རོལ་པ། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོ་སྐུ་འདིས་བཤད་དོ།། ཨ་ཨོ་ཨོ། ས་མ་ཡ། ཨ་དྷི། གུཧྱ། པྲ་ཏི་ཨ་ཧོ་ཀུ་ལ་མ་ཏོད་བྷིད་ཏ་པ་དྲ་ཨ་མོ་གྷ་ཨཱི་ཤྭ་སཱ་ཡ་ན། གུ་ཏི་ཨ་ལ་ལ་ཧོ་ཞེས་ཅང་མི་གསུང་ངོ་།། ཀུན་དུ་མ
7a6 གསུང་རབ་ཏུ་མི་གསུང་། གསུངས་པ་མི་འགོག་འགོག་པ་མ་ཡིན། མུ་གསུངས་པ་ཉིད་ན་རྒྱ་ཆེར་བཤད་པའི་ངོ་བོར་བཞུགས་སོ།། རྣམ་པར་བཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ཞིལ་གཟིགས་ཏེ། འཛུམ་པས་བསྐུལ་བ་རྣམ་པར་མཛད་དོ།། དེ་ནས
7a7 དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་དེས་བསྐུལ་བར་རྣམ་པར་རིག་ནས་རང་གི་སྟན་ལས་ལངས་ནས། རང་གི་མཚན་མ་གནས་ལྔར་རེག་པར་བྱས་ནས་ལྕེ་པདྨའི་སྟེང་དུ་བཞག་ནས། ལུས་སལ་བརྡབས་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་གྱེས་ནས། སརྦྦ
iiif viewer powered by OpenSeadragon
6b - 7b