| | e-texts navigator
|
6b1 དང་། རེག་པ་ཆོས་ཀྱི་ཆར་དང་། རིག་པའི་ཆོས་ཀྱི་གྲུ་སྣ་ཚོགས་དང་། གར་སྣ་སོགས་དང་། རིག་པའི་ཆོས་ཀྱི་མཆོད་པ་སྣ་ཚོགས་བྱུང་སྟེ། འབྲས་ཀླས་པའི་ནམ་མཁའ་ལ་སླ་སྣ་ཚོགས་ཕན་ཚུན་དང་། ཡན་མན་དང་། སྣརེལ་ཞི་ལ་སོགས་པཐམས
6b2 ཅད་དུ་ཁྱབ་པར་ལིང་ལོང་ཕྱེད་པར་བྱུང་ངོ་།། མཆོད་པའི་ཆར་ཡང་མངོན་པར་ཕབ། རྨད་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ་པ་ཡང་ལིང་ལོང་ཕྱེད་རྨད་དུ་བྱུང་བའི་ཐུགས་ཀྱང་ལྷང་ངེའོ།། རྨད་དུ་བྱུང་བའི་གསུང་བསམ་གྱིས་མི་ཁྱབ་པ་ཡང་ཨ་ལ་ལ་ཧེ་ཞེས
6b3 སྒྲོགས། སངས་རྒྱས་འབུམ་ཕྲག་ཀྱང་གསུང་དབྱངས་བསམ་གྱིས་མི་ཁྱབ་པའི་སྒྲ་གཅིག་ཏུ། ཨེ་མའོ་རྨད་བྱུང་རོལ་པའི་ཆོས་ཀྱི་དོན་བླང་ངོ་ཞེས་སྒྲོགས། འཁོར་འབུམ་ཕྲག་དང་གདུལ་བྱ་སྣ་ཚོགས་སྤྲོ་བའི་ངོ་མཚར་སྐྱེད། རིག་པའི་རྩ་ལ་སྤངས་དོན་གྱི
6b4 བཕྱུང་། དམ་ཞིང་ངོ་མཚར་པར་གྱུར་ཏེ་ཐམས་ཅད་ཉེ་བར་གནས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་འཁོར་རྣམ་པར་སྤོང་བའི་རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་ནས། རྡོ་རྗེ
6b5 སྔགས་ཀྱི་ཚིག་འདི་གསུངས་སོ།། ཧཱུཾ་ཧཱུ~ཾ་ཧཱུཾ་རྡོ་རྗེ་འདུ་བར་བསྡུས་པ་ཡི།། དམ་ཚིག་ཆེན་པོའི་རིག་འཛིན་རྣམས།། བླ་འོག་རིམ་པ་ཇི་བཞིན་དུ།། རྡོ་རྗེ་གསང་བའི་གྲལ་འཁོད་དེ།། རིགས་མ་ཡིན་པ་རིགས་མིན་འགྱུར།། སྐལ་བ་བཟང་པོའི་དམ་ཚིག་འདི།།
6b6 སྐལ་བ་ངན་ལ་འབབ་མི་འགྱུར།། དེ་ལས་འདས་ན་དེ་དྲག་བྱེད།། ཧཱུ~ཾ་ཀྲོ་དྷ་དྭེ་ལ་ས་མ་ཡ། རཀྵ་ཛྭ་ལ་ས་མ་ཡ། ཡཀྵ་དྲྀ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ་ཞེས་གསུངས་པ་ཙམ་གྱིས་ཞལ་ལྗགས་ཀྱི་དབང་པོ་འོད་མེ་དཔུང་ཆེན་པོ་ལས་ཁྲོ་བོ་འོད་ཀྱི་ཕྲེང་བ་འབར་བ
6b7 དང་། སྲིན་པོ་འོད་ཀྱི་ཕྲེང་བ་འབར་བ་དང་། གནོད་སྦྱིན་འོད་ཀྱི་ཕྲེང་བ་འཇུག་པ་དང་། བ་བྱེད་འོད་ཀྱི་ཕྲེང་བ་འབར་བ་བརྒྱད་མར་བྱུང་བས་རུ་ཏྲ་ཅན་དང་། བདུད་དང་། སྲིན་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འཇུག་སྲེད་དང་། སྲེད་མེད་དང་། དབང
iiif viewer powered by OpenSeadragon
6a - 7a