| | e-texts navigator
|
330b1 ཟོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ།། དེ་ནས་སྨྲ་བའི་སྣང་ག་ལྷ་སོགས་པའི་འདུས་པའི་འཁར་ཚོགས་རྣམས་རང་ང་གི་བསམ་པ་རངས་པར་གྱུར་ཏེ། ཨཱ་ལ་ལ་ཞུས་བྱ་བའི་སྣབྱུང་ནས་མགྲིན་ག་ག་དྷ་མ་དུ་བརྗོད་པ་འདི་བརྗོད་དོ།།
330b2 དམིགས་དང་མི་དམིགས་བརྟན་གཡོ་ཆོས་ཀུ་ནི་སྤྱན་གྲུབ་དཔག་མི་ལང་།། རང་རིག་ཡོན་ཏན་དཔག་མེད་པས་མ་ཡིས་མང་པོ་དེ་ཀུན་བརྗོད་མྱི་ལང་།། གསང་སྔགས་རྒྱ་མཚོ་ཐུགས་རྗེ་བསམ་པས་བས་མ་ཁྱབ་ཇི་སྙེད་དཔག་མོ་ཡང་།། སྦྲུལ་པ་རྒྱ་མཆོ་གང་གཱ
330b3 སྟེང་འགྲོ་བ་ཆོས་སྟོན་ཞིང་ཁམས་ཁྱབ་ཅེས་ཆེད་དུ་བརྗོད་པ་ཚོད་དུ་བརྗོད་དོ།། ལེའུ་སྟེ་ལྔ་བའོ།། ། རང་བཞིན་གྱི་དཀྱིལ་འཁོར་བསྟན་པའོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་མི་གཡོ་བ་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན
330b4 ལ་སྙོམས་པར་ཞུགས་ནས་ཏེ་ང་ངེ་འཛིན་གྱི་དཀྱིལ་འཁོར་འདི་གསུངས་སོ།། འདུས་པའི་འཁོར་ཚོགས་རྣམས་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྐུར་དུ་རུང་བ་ཙེམ་དུ་རྟོགས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་ཇི་ལྟར་འདོད་པ་དེ་ལྟར
330b5 དང་དང་རྐང་བའོ།། འདུས་པའི་འཁོར་ཚོགས་འདི་ལྟ་སྟེ། གསང་སྔགས་ཡི་མཚན་ཆེན་པོ་འདི།། ཏིང་འཛིན་དཀྱིལ་འཁོར་བསམ་ཡས་ཀྱང་།། མདོར་བསྡུས་རྣམ་པ་གསུམ་ཡོད་དེ།། བསྒོམ་པའི་ཏིང་འཛིན་དཀྱིལ་འཁོར་དང་།། བསྐྱེད་དང་ལྷག་པའི
330b6 ཏི་ཛྙཱན་ནོ།། ཐོག་མའི་རྣལ་འབྱོར་ཉིད་བསྒོམས་ཏེ།། དཀྱིལ་འཁོར་ཡིན་པར་རྒྱལ་བས་གསུངས།། དེ་ཡང་ཇི་ལྟར་བསྒོམ་ཞེ་ན།། ཏིང་ངེ་འཛིན་ཀྱང་རྣམ་གསུམ་སྟེ།། དང་པོར་དེ་བཞིན་ཉིད་ཀྱི་དང་།། དེ་བཞིན་ཉིད་ལ་གནས་བཅུའི་ཕྱིར།། སྟོང་པ་ཆེན
330b7 པོའི་ཏིང་འཛིན་བསྒོམ།། གཉིས་པ་ཀུན་སྣང་ནམ་མཁའི་དེང་།། སྙིང་རྗེ་སུམ་གྱིས་ཁྱབ་པའི་ཕྱིར།། མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ།། གསུམ་པ་རང་གི་ས་བོན་ནམ།། རབ་ཏུ་བརྟན་པའི་ཡིག་འབྲུ་ཨ།། དེ་ལས་ཕྲ་མོ་ཨ་འཇོས་འདུས།། སྤྲོས
iiif viewer powered by OpenSeadragon
330a - 331a