| | e-texts navigator
|
330a1 མཐུང་ནག་འབར།། ནར་མག་གདང་ས་པ་ལབུམ་ཚན་ཐོགས།། ཤང་ཏུ་སྦྱིན་རྣམ་པར་གནས།། རྣམྱ་པར་རྟུལ་བབར་དགའ་བར།། རྔ་རྫས་གནདས་སྦྱིན་དར།། རྣམམན་དམར་ནགའབར་བསྟེ།། ང་ཟླ་ཞུགས་པ་ནུ་བ་ཟླར།
330a2 གནས།། བདུད་རྩི་འཁྱིལ་བ་ལྗང་ནག་འབར།། རྒྱ་གྲམ་གྱིས་གནོན་བྱང་གི་སྒོར།། སྱཱང་སྟབས་ཚུལ་དྷ་ར་ཏྱཱ་གནས།། དྲ་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན།། རྣམ་པར་གཙིགས་ལ་འཇིགས་འཇིགས་སྟེ།། མེ་དཔུང་འབར་བའི་ཀློང་ནི་འཁྱིལ།། ཧཱུ~ཾ་དང་ཕཊ
330a3 གྷིསྒྲ་ཆེན་གྲོགས།། དེ་དག་གི་ནི་གཡོན་རོལ་ན།། གཤེད་མོ་དང་ནི་རྒྱལ་མྱ་དང་།། རྟ་མགྲིན་མོ་དང་འཁྱིལ་མོ་རྣམས།། ལག་མཚན་ལྕགས་ཀྱི་ཞགས་པ་དང་།། སྒྲོག་དང་དྲིལ་བུ་ཐེགས་ཤིང་རྔམ།། ཆ་ལུགས་འཇོམས་པ་དག་དང་འདྲ།། སྒོ་ཁྱུང་དང་ཏུ་ལྷན
330a4 གྱིས་གྲུབ།། མཛེས་པའི་བར་ཁྱམས་དེ་ཉིད་ལ།། སྦྲུལ་སྐུ་ཐུབ་པ་ཆེན་མོངག།། ཙ~ཾ་དུ་ལ་ཐབས་ཀྱི་སྒྲར་སྟོན་པས།། ཆ་ལུགས་མ་ཛེས་དུ་ལ་བཱིར་སྟོན།། མཛེས་པའི་བར་ཁམས་དེ་ཉིད་ལས།། མདུན་དང་ཆུབ་ཀྱི་ཕྱོགས་རོལ་གྱི།། བྱེད་པ་པོ་དང་བྱེད་མོ།།
330a5 མཁའ་ཡི་ནི་མདོག་འདྲལ།། ཏིང་ངེ་འཛིན་དུ་ལྡན་པར་གནས།། དེ་ལ་སོགས་ཏེ་མཐའ་ཡིས་མཆོག། བརྗོད་མེད་ཛད་དུ་མེད་པ་ཡི།། ལྷ་ཡི་ཚིགས་ཀྱི་ས་གང་བར་གནས།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། ལྷ་ཡི་ཚོགས་ཆེན་དེ་དག་གི། ཐུགས
330a6 ཀར་ཡེ་ཤེས་སེམས་དཔའ་གནས།། ཚོན་གང་འོད་དང་བཅས་པའོ།། ལྗང་ལ་རང་རྟགས་ཡི་གེ་རྣམས།། རང་རྟགས་ཕྱག་རྒྱའི་སྟེང་དུ་གསལ།། དེ་ལྟའི་སྐུ་མཆོག་རེ་རེ་ལ།། ཚུལ་དགུ་དགུ་དང་ལྡན་པོ་སྟེ།། མཉན་དང་ཐིག་དང་འཁྲིལ་བག་དང་།། ལྡེམ
330a7 བག་ཆགས་དང་གཞོན་ཚུལ་ཅན།། གསལ་དང་འཚེར་དང་ལྷུན་སྟུག་དང་།། གཟི་བརྗིད་འབར་བར་རབ་ཏུ་གནས།། དེ་ལྟར་རང་བཞིནི་དཀྱིལ་འཁོར་ནས།། གྱི་རབས་སྔགས་འཚོང་རྣའི་འབྱོར་བས།། སྤྲིན་དྲངས་མཆོད་པ་དངུལ་བ་འཇོས།། ཞེས་གསུངས
iiif viewer powered by OpenSeadragon
329b - 330b