| | e-texts navigator
|
327b1 ཏིདང་།། མིག་གི་ཁམས་ཞེས་བྱ་བར་གླགས།། མཐོང་བའི་བྱ་བབྱེད་པའི་ཕྱིར།། ཐམས་པ་མོ་དྷ་རང་བཞིན་སྦྱིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཐོས་བྱར་བྱེད་པའི་བདག་ཏད་དེ།། རྣ་བའི་ཁམས་ཞེས་བྱ་པར་གྲགས།། ཐོས་པའི་བྱང་།
327b2 བྱེད་པའི་ཕྱིར།། སྒྲུབ་པ་ཀུན་སེལ་རང་བཞིན་ཡིན།། སྲིད་གསུམ་སྙོམས་ཅན་ཐམས་ཅད་ཀྱི།། སྣོམ་བྱེད་དང་བའི་བདག་ཉིད་དོ།། སྣ་ཡི་ཁམས་ཞེས་བྱ་བར་གླགས།། ཚོར་བར་བྱ་བ་བྱེད་པའི་ཕྱིར།། འཇམ་དཔལ་ལྗིད་ཀྱི་རང་བཞིན་ཡིན།། སྲིད་གསུམ
327b3 སེམས་ཅན་ཐམས་ཅད་ཅི།། མྱོང་བྱེད་དག་པའི་བདག་ཉིད་དེ།། ལྕེ་ཡི་ཁམས་ཞེས་བྱ་བར་གྲགས།། མྱོང་བའི་བྱ་བ་བྱེད་པའི་ཕྱིར།། ཀུན་དུ་བཟང་པོའི་རང་བཞིན་ཡིན།། ཞེས་ན་སྦྱངས་སོ།། དེ་ལ་དུས་བའི་མཆོད་པའི་ལྷ་མོ་བཞིའི་རང་བཞིན་དུ་གསུངས་པ།
327b4 སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། རྒྱུ་འབྲས་ཀུན་དུ་རྣམ་པ་སྤྱད།། སྔོན་འདས་དུས་སུ་རྣམ་པར་གྲགས།། སྔོན་འདས་དཔྱིད་ཀྱི་རང་བཞིན་ཡིན།། སྤོས་མེའི་རང་བཞིན་ཉིད་ཡིན་ནོ།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། རྒྱུ་སྤྱང་འབྲས་བུ་མི་གྷད་ཀུན།
327b5 དེ་ལྟར་དབྱར་གྱི་རང་བཞིན་ཡིན།། མེ་ཏོག་ཉིད་ཀྱི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། རྒྱུ་འབྲས་ཡོངས་ཀྱིས་མ་སྤྱད་པ།། མ་འོངས་དུས་སུ་རྣམ་པར་གྲགས།། འོད་མི་རིག་སྟོན་རང་བཞིན་ནི།། ཨཱ་ལོ་ཀི་ཡཾ་རང་བཞིན་ཡིན།། སྣོང
327b6 བཅུད་འགྲོ་བ་ཐམས་ཅད་ཀྱི།། ཆུ་འབྲས་ངེས་པར་མ་ཚོགས་པ།། འབྱུང་བར་མ་ངེས་དུས་ཞེས་གྲགས།། མ་འོངས་དགུན་གྱི་རང་བཞིན་ནི།། གན་དྷེའི་རང་བཞིན་ཡིན་པར་ངེས།། ཞེས་གསུངས་སོ།། དེ་ལ་འདི་ནི་ལུས་ཀྱི་དབང་པོ་དང་།། རྣམ་པར
327b7 ཤེས་པ་དང་། ཡང་དེའི་ཕུལ་དང་དེ་ལས་བྱུང་བའི་བྱང་ཆུབ་སེམས་ཁྲོ་བོ་བཞིའི་རང་བཞིན་དུ་གསུངས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། རིག་བྱེད་དང་བའི་བདག་ཉིད་དེ།། ལུས་ཀྱི་ཁམས་ཞེས་བྱ་བར་གྲགས།། རེག་བྱེད་བྱ་བ་བྱེད་པས་ན།། གཅི
iiif viewer powered by OpenSeadragon
327a - 328a