| | e-texts navigator
|
325a1 དས་ཨ་ཝལ་ཙྪ་ནས་སྨྲ་བྱུང་།། བྱུང་ཆུབ་སེམས་ལ་བསྟོད་པ། ཨམ་བ་ནན་སན་དྲུ་དང་།། ཨ་མྲན་ཏྟ་ཏི་བྱང་ཆུབ་སེམས།། ཨཱ་འདག་པ་རློ་མ་མེད། ཨཱ་མ་ནབ་གས་ལུང་ན།། ཨ་མའ་མཉམ་ཉྀད་དབྱང་འདདས།། ནམ
325a2 སོ་སོར་རང་རིག་སེམས།། ཨེ་མའི་བྱུང་ས་མས་སྦྱིན་གྱིས་གྲུབ།། བྱང་ཆུབ་སེམས་ལ་ཅུག་ཚལ་ལོ།། ཞེས་བསྟོད་དེ། བཅོམ་ལྡན་འདས་ཉིད་ཁྱད་པར་དུ་གྱུར་པ་ཡང་བྱང་ཆུབ་སེམས་ཉིད་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་པའོ།། བདག་ནཱག་རིག་འཛིན
325a3 ཚིགས་སུ་གྱུར་པ་རྣམས་ཀྱང་བྱང་ཆུབ་སེམས་ལ་སྨྱོན་པར་འཚལ། འཇུག་པར་འཚལ། ལྡང་པར་འཚལ། གནས་པར་འཚལ་ཏེ། བདག་ཅིག་ཀྱང་རིང་རང་གི་སེམས་གཡོས་པར་བསྟི།། རེག་པར་བགྱི། ཉེ་བར་བཀྱེ། ཉམས་སུ་མྱོང་བར་བགྱི་བར་འཚལ་ན།
325a4 བདག་ཅ་གཱ་དཱ་འདྲ་བདྲི་བསམ་པ་ཅན་ལ་སྙིང་རྗེ་ཆེན་པོར་དགོངས་པར་མཛད་དུ་གསོལ། བདེ་བར་གཤེགས་པ་དགོངས་པ་མཛད་དུ་གསོ་ཞེས་གསོལ་བ་གཏབ་པ་ལས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པར་ཐུགས་སུ་ཆུང་ནུས་སྙིང་རྗེ་བྱང་ཆུབ་འབྱུང་བ
325a5 ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པར་མངོན་པར་འདུ་མཛད་དོ།། གཉིས་སུ་མེད་པར་མངོན་པར་འདུ་མཛད་པས་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་ཐམས་ཅད་རྒྱས་པར་ཁྱབ་པ་ནི་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་ནོ།། དེ་ནས་ཡང་འདྲི་གསུངས
325a6 སོ།། ཨེ་མའོ་ཡེ་ཤེས་རྣམ་དག་ཆོས།། སྣ་ཚོགས་སྣང་ཡང་རྟོག་པར་གསང་།། ངོ་བོ་ཉིད་ནི་བརྗོད་དུ་མེད།། སྣོད་མ་ཡིན་ལ་བསྟེན་པ་དཀའོ།། ཨེ་མའོ་སྲིད་གསུམ་ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ།། བདུག་ཏུ་རྟོག་པ་སྲིད་རྩའི་ཉེས་དམིགས་ཀྱིས།།
325a7 ཀུན་རིངས་དུས་ནས་འཁྱམས་པའི་འགྲོ་བ་རྣམས།། མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་གཟུང་།། ལོག་རྟེག་ནོར་བའི་དབང་གིས་ཀུན་བརྟགས་ཀྱང་།། རང་བཞིན་ཉིད་ལས་མཉམ་པ་རྡུལ་ཙམ་མེད།། ཨེ་མའོ་ཡུན་རིངས་དུས་ནས་རྨོངས་པའི་འགྲོ་བ་རྣམས
iiif viewer powered by OpenSeadragon
324b - 325b