| | e-texts navigator
|
324b1 བྱུ་ཆུབ་ཀྱི་སེམས་འད་གསུངས་ས།། ཨ་མ་ངམ་ཚྭར་ཡཱ་མཚན་གྱི།། སངས་རྒྱས་ཀུན་གྱིགས་པ་ཐུགས།། ཆོས་ཀུན་སྒྲུབ་མད་པ་ལས།། བྷ་བ་དི་ནཱི་རབ་གྲགས་པ།། སྟ་དང་སྟི་སྐྱེ་གཉི་ས་མེད་པ།། བྱང་ཆུབ་སེམས་འདྲ་བསྟན་པའོ།། ཞེས་པ
324b2 སོ།། དེ་ནས་ཡང་མེ་ལོང་ལྟ་བུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་འགག་པ་མེད་པ་ལས།། འགག་པའོ།
324b3 ནི་རབ་ཏུ་བསྒྲགས།། འགག་དང་མི་འགག་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོངོ
324b4 མཚར་ཡ་མཚན་གྱི།། སྤངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་གནས་པ་མེད་པ་ལས།། གནས་པ་འདི་ནི་རབ་ཏུ་བསྒྲགས།། གནས་དང་མི་གནས་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཐམས་ཅད་སོ་སོ
324b5 ཀུན་དུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བྱའི་ཐུགས།། ཆོས་ཀུན་དམིགས་པ་མེད་པ་ལས།། དམིགས་པ་འདི་ནི་རབ་ཏུ་བསྒྲགས།
324b6 དམིགས་དང་མི་དམིགས་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཐམས་ཅད་བྷཱ་བ་ལ་ནན་ཏན་དུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚ
324b7 གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་སྤྲོ་བསྡུ་མེད་པ་ལས།། སྤྲོས་དང་བསྡུས་པར་རབ་ཏུ་གྲགས།། སྤྲོས་བསྡུས་ཡོད་དང་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་།
iiif viewer powered by OpenSeadragon
324a - 325a