| | e-texts navigator
|
324a1 བཤད་བར་ན་སྨྲས་བྱུ་ང་ལྡན་པ་རྣམ་སུ་གས་དགས་ཀྱང་ན་དྲགས་མམས་པར་དུ་ཀུན་མ་ལྡནས་ཤཱདུན་ལ་ག་ས་ང་གང་ང་ལ་ཏུ་རྫུན་མད་མགྱུར་པའོ།། འདུགས་པ་རྗོད་སྟོརྒལ་བ་མ་ཤེས་རྣམ་པ་གགག་འང་དང
324a2 མདོ་ཞེས་བྱ་བ་ལས་སྔགས་ཀྱི་མདོ་བསྟན་པའི་ལེཉྩ་སྟི་གསུམ་པའོ།། ། དེ་ནས་བཅོམ་ལྡན་དངས་གསང་བ་མཆོག་ཧཱུ~ཾ་བདག་པོ་དེ་སྙིང་པོ་བྷྲིང་ཆུབ་ལ་ངེས་པར་དགྲེལ་བཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཐུགས་ནས་ཡང་འདུས
324a3 པའི་འཁོར་ཚོགས་ལ་བཀའ་སྩལ་ཏོ།། རིགས་ཀྱི་བུ་རྣམས་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་སུ་དངུས་ཤིང་བྱང་ཆུབ་ཀྱི་སེམས་ཉིད་སྣང་བ་ཤེས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ལྷས་དང་ངག་དང་སེམས་སུ་འདུས་པ། ལུས་དང་པ།།
324a4 ངགྲ་དང་སེམས་ཀྱི་མཚན་ཉིད་ནི་སེམས་ཀྱང་ལུས་དང་དྲུག་གི་རྣམ་པ་ལྟ་བུ། ངག་ཀྱང་ལུས་དྲང་སེམས་ཀྱི་རྣམ་པ་ལྟ་བུ། ལུས་ཀྱང་ཚིག་ཏུ་བརྗོད་པ་དང་སེམས་ཀྱི་རྣམ་པ་ལྟ་བུར་རང་རང་གི་ལུས་དང་ངག་དང་སེམས་རྟོགས་ཤིག། འོན་ཏང་བྱང་ཆུབ་ཏུ་སེམས
324a5 བསྐྱེད་པར་འགྱུར་རོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆོད་དང་།། གཟུང
324a6 དང་འཛིན་པ་རྣམ་པར་སྤངས།། ཆོས་བདག་མེད་པ་མཉམ་ཉིད་པས།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
iiif viewer powered by OpenSeadragon
323b - 324b