| | e-texts navigator
|
323b1 གསང་བ་མཆོག་གི་རྒྱལ་པོ་ལ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཆུང་དུ་བྱུང་བའི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་རབ་ཏུ་མཆོད་དེ་ཀུན་དུ་རབ་ཏུ་མཆོད་ནས་གཙུག་གི་འདུད་པས་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ་འདི་སྐད་ཅེས་གསོལ་བྱ་བཏབ་བོ།། ཨེ་མྱའོ་བདེར
323b2 གཤེགས་ཀུན་དུ་བཟང་།། ཨེ་མའོ་ཡི་ནས་དགྲ་བའི་དོན།། ཨོཾ་མའོ་གསིང་བ་མཆོག་གི་བདག། ཨེ་མའོ་ཡེ་ཤེས་རྔམ་པའི་གློག། ཨེ་མའོ་གཉིས་མེད་དགྱེས་ཆེན་པོ།། ཨེ་མའོ་བདེ་བ་བདེ་ཆེན་མཆོག། ཨོཾ་མའོ་རྣམ་དག་དཔལ་ཁྱོད་ལ།། ཨོཾ་མའོ་བདག
323b3 ཅག་གསོལ་བ་འདེབས།། བྱང་ཆུབ་སེམས་འདི་ཇི་ལྟར་སྐྱེད།། དཀྱིལ་འཁོར་རྣམས་ནི་ཇི་ལྟར་ལགས།། ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ཅི།། བསྙེན་སྒྲུབ་རྣམ་བཞི་ཇི་ལྟར་ལགས།། དངོས་གྲུཿསྒྲུབ་པའི་རྣམ་གྲངས་ཅི།། སྔགས་ཀྱི་སྡོམ་པ་ཇི་ལྟར་བསྲུང་།།
323b4 རྣལ་འབྱོར་བརྟུལ་ཞུགས་ཇི་ལྟར་སྤྱད།། དྲེགས་པའི་ཚོགས་ནི་ཇི་ལྟར་གདུལ།། རྣམ་བཞིའི་ལས་ནི་ཇི་ལྟར་བགྱི།། བརྣག་པའི་ནན་ཏར་ཇི་ལྟར་བགྱི།། རྣལ་འབྱོར་རྣམས་ལ་བརྩེ་བ་དང་།། བདག་ཅིག་རྣམས་ལ་སྨན་སླད་དུ།། བཅོམ་ལྡན་སྙིང་པོས་བཤད་དུ
323b5 གསོལ།། ཨཾ་ལ་ལཱ་ཧོ་ཞེས་གསོལ་བ་ལས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨྲ་བའི་སེང་གེ་གསང་སྔགས་མདོའི་དོན་རྣམས་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་ཕན་གདགས་པ
323b6 དང་། དད་པ་ཅན་གྱི་འགྲོ་བ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ངལ་ཞུ་བ་ལེགས་སོ།། སྨྲ་བའི་སེང་གེ་ལེགས་སོ།། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྦྱར་འདས་པ་རྣམས་ཀྱིས་གསུངས་པ་དང་། ད་ལྟར་བཞུགས་པ་རྣམས་ཀྱིས་གསུངས་པ་དང་། སླད་ཀྱིས་བྱོན
323b7 པ་རྣམས་ཀྱིས་གསུང་བར་འགྱུར་བ་རྣམས་ཀྱི་དོན་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། རྒྱུད་ཀྱི་འབྲེལ་པ། དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོས་རྣམ་པར་བསྒྱིངས་པ་གཞུང་ཆེན་པོ་འདིངས
iiif viewer powered by OpenSeadragon
323a - 324a