| | e-texts navigator
|
321b1 རླུང་ནས་རྣམ་པར་ཐར་པའི་སྒོ་གསུམ་ཕྱུང་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཡང་ནས་ཡང་དུ་གསོར་ཞིང་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་ཆེན་པོ་རབ་ཏུ་བསྒྲགས་སོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པྲ་དྷི་ཙིདྡྷ་གུ་ཧྱ་ས་མ་ཡ། འདི་ནི་གསུངས་མ་ཐག་ཏུ་ཡང་།། སངས་རྒྱས
321b2 གྲགས་པ་ཆེན་པོ་ཀུན།། རབ་ཏུ་སྤངས་ཏེ་བརྒྱལ་བར་གྱུར།། འཁོར་ཚོགས་གཞན་མ་སྨོས་ཅི་དགོས།། དེ་ནས་གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་རྣམས་ཉོན་ཅིག། གང་ཚིག་གིས་བརྗོད་དུ་རུང་བ་ཐམས་ཅད་ནི
321b3 ཀུན་རྫོབ་ཀྱི་བདེན་པའོ།། ཇི་སྲིད་བརྗོད་དུ་རུང་བ་མ་ཡིན་པའི་ཆོས་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པའོ།། གང་ཚིག་དང་ཡི་གེ་ལས་འདས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ།། གང་ཚིག་དང་ཡི་གེས་བརྗོད་དུ་རུང་བ་ཐམས་ཅད་ནི་གཟུགས་ཀྱི་སྐུའོ།། རིགས་ཀྱི
321b4 བུ་སྔགས་ཀྱི་ལྟ་བ་དང་སྤྱོད་པ་ཡང་དེ་ཉིད་ཡིན་ཏེ། གང་དོན་དམ་པའི་བདེན་པ་དང་། ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་སྔགས་ཀྱི་ལྟ་བ་ཡིན་པར་ཤེས་པར་བྱའོ།། དེ་ཏིད་རྒྱུའི་ཚུལ་དུ་གནས་པ་ལས། འབྲས་བུའི་ཚུལ་དུ་ཀུན་རྫོབ་ཀྱི་བདེན་པ་དང་། གཟུགས་ཀྱི་སྐུར
321b5 བྷྲྀ་སྟེ། ཇི་ལྟར་སྤྱད་པ་དང་སྤྱང་དུ་རུང་བ་ཐམས་ཅད་ནི་སྟོང་པར་རྣལ་འབྱོར་ཅན་གྱིས་བལྟའོ།། དེ་ནས་སྤྲོ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་ཨ་ལ་ལ་ཧོ་ཞེས་པའི་སྒྲ་བརྗོད་དེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་།
321b6 དེ་ལྟར་ལུགས་ན། བཅོམ་ལྡན་འདས་གླགས་ཀྱི་ལྟ་བ་ལ་བློ་གནས་པ་གངྒཱ་ལགས། ལྟ་བ་དང་སྤྱོད་པ་ལ་བློ་གནས་པ་ནི་གང་ལགས། སྤྱོད་པ་འབང་ཞིག་ལ་བློ་གནས་པ་ནི་གང་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། ཟླ་བའི་སེང་གེ་ལེགས་སོ།།
321b7 དེའི་དོན་ཁྱོད་ངལ་ཞུ་བ་ནི་ལེགས་སོ།། སྨྲ་བའི་སེང་གི་གསང་སྔགས་ནི་དེ་བཞིན་གཤེགས་པ་འབའོ་ཞིག་གི་དགོངས་པའི་ཚུལ་ལོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་དོན་དམ་པའི་བདེན་པ་ཙམ་ཀྱང་སྤངས་ན་ཀུན་རྫོབ་ཀྱི་བདེན་པ་ལྔ་ག་ལ་ཡོང
iiif viewer powered by OpenSeadragon
321a - 322a