| | e-texts navigator
|
321a1 ས་པའི་དུས་ཉིད་ན་གོལ་བ་ཡིན་པར་ཕྱོགས་བཅུ་དུས་བཞིའི་རྒྱལ་ང་རྣམས་ཀྱིས་ཀྱང་བཤད་དེ། ད་ལྟར་སྟོན་པ་ཉིད་ཀྱང་དོན་ང་ཉིད་དགོངས་ནས་མ་གསུངས་སོ།། འདུས་པའི་འཁོར་ཚོགས་རྣམས་དེ་བས་ན་མ་སྐྱེས་པར་སྙིང་པོ་བྱང་ཆུ
321a2 སེམས་སྨིག་ཏུ་སྤྲོས་པ་དང་བྲལ་གྱིས་ཀྱད་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་མཚན་མའི་ཚིག་གི་རྣལ་འབྱོར་བ་རྣམས་ཚིག་གི་ཙོ་འབྱུང་བའི་ཕྱིར་དོན་རྟོགས་པའི་བགྱི་བའི་ཕྱིར་ཚུལ་བ་རྣམས་ཅི་ཚིག་གི་སྒོནས་གསུངས་པ་ཡིན་ནོ།། དུས་པ་འཁོར་ཚོགས
321a3 རྣམས་ཀྱིས་གསོལ་བ། སྨྲ་བའི་སེང་གེ་དེ་ལྟར་ན་བདག་ཅག་དང་མ་འོངས་པའི་རྣལ་འབྱོར་པའི་ཚིག་གི་རྗེས་སུ་འབྲང་བ་རྣམས་ཀྱི་དོན་དུ། རྡོ་རྗེ་ཚིག་གི་ལམ་དུ་བརྗོད་པས་དོན་གསལ་བར་བྱེད་པ་དེ་སྨྲ་བའི་སེང་གེ་ལས་ཀྱི་བཀའ་མོ་ཁྱོད་ཉིད་ཀྱིས་ཞུ་བར་སྤོབས
321a4 ཤིག། སྨྲ་བའི་སེང་གེ་དབང་བུས་ན་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་གུས་ཤིག་དང་། དེ་ནས་ཟླ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་འདུས་མའི་འཁོར་ཚོགས་རྣམས་ཀྱི་རྣམ་པར་རྟོག་པ་མཁྱེན་ནས་བཅོམ་ལྡན་འདས་གསང་བ་མཆོག
321a5 གྲི་བདག་བྱོལ་ལན་སྟོང་དུ་བསྐོར་བ་བྱས་ཏེ་རྨེད་དུ་བྱུང་བའི་མཆོད་པ་རྒྱས་པ་དེ་ཁྱོན་ཉིད་ཀྱིས་མཆོད་ནས་འདི་དྷི་ག་སྒྲོལ་པ་བཏབ་བོ།། ཨོཾ་མཱཾ་ཧཱུ~ཾ་ལྗོན་པའི་ངོ་མཚུར་ཁྱོད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ།
321a6 ཚིག་ཏུ་བརྗོད་པ་མ་ལེགས་ནའང་།། མཚན་མའི་རྗེས་འབྲང་རྣལ་འབྱོར་པ།། དོན་ལ་རྩིང་ལ་ཚིག་ལ་ཞི་བ།། ཚིག་གིས་བསམ་པ་རངས་བྱའི་ཕྱིར།། སྙིང་པོ་བྱང་ཆུབ་དོན་འདི་ལ།། དཔེས་མཚོན་ཚིག་གི་ལྕེ་མིག་གིས།། གསང་བ་དེ་ཉིད་བཤད་དུ་གསོར།
321a7 ཞེས་གསོལ་པ་བཏབ་པ་ལས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་སྨྲ་བའི་སེང་གེས་གསོལ་བ་བཏབ་པ་ཡང་མཁྱེན། འདུས་པའི་འཁོར་ཚོགས་རྣམས་ཀྱི་སེམས་ཀྱི་རྟོག་པ་ཡང་མཁྱེན་པ་དང་། ཚིག་གི་རྗེས་སུ་འབྲང་བའི་རྣལ་འབྱོར་ཡང་ཐུགས་སུ
iiif viewer powered by OpenSeadragon
320b - 321b