| | e-texts navigator
|
320b1 རབ་བརྗོད་ཅིང་།། དབས་མཚོན་ཚིག་གི་ལྡེ་མག་གིས།། གསལ་བར་མཚོན་ཏེ་གློ་བར་མཛོད།། ཨཱ་ལ་ལ་ཧོ་ཞེས་གསོལ་བ་བཏབ་པོ།། དེ་ནས་གསང་བ་མཆོག་གི་བདག་པོ་ངས་གསོལ་བུ་བཏབ་པད་མཁྱེན་ནས་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལྔ་སྙོམས་པར།
320b2 ཞུགས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་འདས་པའི་འཁོར་ཚོགས་ཀྱིས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་དུ་བཟང་པོ་དེ་ལ་ལུགས་སུ་བཏུད་དེ་བརྒྱང་ཕྱག་བཙལ་ནས་རྨད་དུ་བྱུང་བའི་མཆོད་པ་སྣ་ཚོགས་བྱས་ནས་གསོལ་བ་བཏུབ་པ། སྔ་བའི་སེང་གེ་བྱེད
320b3 པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་ཁྱོད་ལ་བདག་ཅག་ཞུ་བར་སྤོབས་ན་གནང་བའི་སྐབས་དབྱེ་བར་གསོལ། སྨྲ་བའི་སེང་གེ་ཀུན་དུ་བཟང་པོས་བཀའ་སྩལ་པ། འདུས་པའི་འཁོར་ཚོགས་ཁྱོད་ཅེ་དང་ཅི་འདོད་པ་བདག་ག་ཞུས་ཤིག། བདག་གིས་གནང་བའི་སྐབས་དབྱེའོ།།
320b4 འདུས་པའི་འཁོར་རྣམས་ཀྱིས་གསོལ་བ། སྨྲ་བའི་སེང་གེ་བྱེད་པ་པོ་དང་ཀུན་དུ་བཟང་པོ་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡབ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེ་བཙན། རྣལ་འབྱོར་པ་ཐམས་ཅད་ཀྱི་ལྷ་ཕུད། ཆོས་ཐམས་ཅད་ཀྱི་མཛོད་ལགས་ན།
320b5 བཅོམ་ལྡན་འདས་གསང་བ་མཆོག་གི་བདག་བྱོས་བདག་ཅིག་འཁོར་གྱི་དཀྱིལ་འཁོར་འདིར། གསང་བའི་ཚིག་ལམ་གྱིས་སྟོན་པར་མི་སྣང་བའི་རྒྱུ་དང་རྐྱེན་བདག་ཅག་རྣམས་ལ་བསྟན་དུ་གསོལ། སྨྲ་བའི་སེང་གེ་ལེགས་པར་བསྟན་དུ་གསོལ་ཞེས་ཞུས་པ
320b6 དང་། སྨྲ་བའི་སེང་གེས་བཀའ་སྩལ་པ། ཨོཾ་ཨཱཿཧཱུ~ཾ་ཨ་ལ་ལ་ཧོ།། རྒྱལ་བའི་སྲས་པོ་ཅང་མི་གསུང་། མི་གསུང་བ་ཉིད་རྒྱ་ཆེར་བཤིད།། བཤད་དུ་མེད་པའི་དོན་དེ་ནི།། རྒྱལ་བ་རྣམས་ཀྱིས་མ་བཤད་དེ།། དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་།། རྣམ
320b7 པར་བརྗོད་པར་མི་མཛད་དེ། བཀའ་མི་སྩལ་བར་དགོངས་པའོ།། འདུས་པའི་འཁོར་རྣམས་ཉོན་ཅིག། དེ་བས་ན་གསང་བ་དོན་དམ་པའི་བྱང་ཆུབ་ཀྱི་སྙིང་པོ་དེ་སྨྲ་བསམ་ལས་འདས་ཤིང་བརྗོད་དུ་མེད་པས་དེ་ལ་ཚིག་ཏུ་སྨྲ་བ་ལེགས་པ་མ་ཡིན་ཏེ། ཚིག་ཏུ
iiif viewer powered by OpenSeadragon
320a - 321a