| | e-texts navigator
|
319b1 འདེ་ལ་རབ་ཏུ་དད་དོ།། དེ་ནས་འདུས་པའི་འཁོར་ཚོགས་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་འདུས་ནས་ཤིན་ཏུ་སྐྲག་སྟེ་གསོག་པ་བཏབ་པ། ཨེ་མའོ་ཨེ་མདོ་ཡ་མཚན་ཆེ།། གཉིས་མེད་རོལ་པ་མ་མཚན་ཆེ།། འོད་ཟེར་འཕྲོ་འདུ་ལ་མཚན་ཆེ།། བྱང་ཆུབ
319b2 ཆར་སྤྲིན་ཡ་མཚན་ཆེ།། སངས་རྒྱས་འབྱུང་བ་ཡ་མཚན་ཆེ།། སྤྲུལ་པ་འབྱུང་བ་ཡ་མཚན་ཆེ།། ཁྲོ་བོ་འབྱུང་བ་ཡ་མཚན་ཆེ།། བྱིན་བརླབས་ཆོ་འཕྲུལ་ཡ་མཚན་ཆེ།། དཀོན་གདུངས་སྤངས་པ་ཡ་མཚན་ཆེ།། འགོག་པ་གསོས་པ་ཡ་མཚན་ཆེ།། ངདག
319b3 ཀུན་དུ་བཟང་མོ་དང་གཉིས་སུ་མེད་པར་སྦྱོར་ཞིང་རང་གི་སྟན་ལས་རྣམ་པར་ལངས་ཏེ་བྱང་ཆུབ་སེམས་ཀྱི་མཚན་མ་གནས་ལྔར་བཏབ་ནུས་ལྕེ་པདྨའི་སྟེང་དུ་ལུས་ཀྱི་རྡོ་རྗེ་བཞག་སྟེ། བརྐྱང་ཕྱག་བཙལ་ནས་མི་འཇིགས་པའི་ལྟ་བས་སྟོན་པའི་ཞལ་དུ་བལྟས་ནས་དོན
319b4 བསྡུ་བར་གསོལ་བ་བཏབ་པ། གསང་བའི་བདག་པོ་ཡབ་ཡུམ་དགོངས་སུ་གསོལ།། འདུས་པའི་འཁོར་ཚོགས་མང་པོ་དགོངས་སུ་གསོལ།། གསེང་མཛོད་ཡེ་ཤེས་གློག་གི་འཁོར་ལོ་དདི།། ཆོས་ཀྱི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པས
319b5 གསང་བ་མཆོག་གི་བདག་པོས་བྱེད་པ་པོ་ཀུན་དུ་བཟང་པོ་རྡོ་རྗེ་ལས་ཀྱི་བཀའ་བར་བྱིན་གྱིས་བརླབས་པའི་ཕྱིར་ཐུགས་གསང་བའི་མཁའ་ལས་བྱང་ཆུབ་སེམས་སྤྲིན་སྤྲོས་པས་ལས་ཀྱི་འཁོར་ལོ་རྡོ་རྗེ་རྒྱ་གྲམ་གཅིག་ལག་ཏུ་བཞག་སྟེ། ལས་ཀྱི་དབང་བསྐུར་ནས་མིང་ཡང
iiif viewer powered by OpenSeadragon
319a - 320a