| | e-texts navigator
|
319a1 གི་ཡིག་འབྲུ་འཁོར་ལོའི་ཚོགས་སུ་ཡང་སྣང་ངོ་།། ཡིག་འབྲུ་དེ་ཉིད་ཐུགས་ཕྱག་མཚན་དུ་ཡང་གྱུར། ཐུགས་དམ་ཚིག་གི་ཕྱག་རྒྱ་འོད་དུ་འཕྲོས་ཤིང་རྣམ་པར་འདྲ་བའི་ཚུལ་གྱིས་རྣལ་འབྱོར་གྱི་དབང་ཕྱུག་གི་འཁོར་རྟུལ་བ་ཡབ་ཡུམ་དང་། སེམས
319a2 དཔའ་དང་། སེམས་མ་དང་། ཐུབ་པ་དང་། འཇོམས་པ་དང་། འཇོམས་མ་རྣམས་ཀྱི་སྐུར་ཡང་རང་རང་གི་དམ་ཚིག་གི་ཕྱག་རྒྱ་ལས་སྣང་བར་བྱས་ཏེ་གསང་བ་མཆོག་གི་བདག་པོ་ལ་མདུན་གྱིས་བལྟས་ནས་རྡོ་རྗེ་གསང་བའི་གྲལ་དུ་འཁོད་དེ། དེ་ལྟར་རེ་རེ་ལརང་སངས་རྒྱ
319a3 ཀྱི་འཁོར་ཞབས་འབྲིང་དང་བཅས་པ་འབྱམ་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ལྷུན་གྱིས་གྲུབ་པོ།། ཡང་འོད་ཟེར་དེ་དག་རེ་རེ་ལས་ཧེ་རུ་ཀ་མང་པོའི་ཚོགས་ཀྱང་ཤར་ཏོ།། ཧེ་རུ་ཀ་རེ་རེ་ལ་ཡང་སངས་རྒྱས་འབུམ་ཕྲག་གི་འཁོར་སོ་སོའི་ཞབས་འབྲིང་དང་བཅས
319a4 པ་ལྷུན་གྱིས་གྲུབ་པར་མཛད་དོ།། ཧེ་རུ་ཀ་རེ་རེ་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་སྟེ་མུན་ནག་གི་ཀློང་གསལ་བར་མཛད་དོ།། ཆོས་ཀྱི་གླུ་དང་གར་དང་། ཆོས་ཀྱི་ཆར་དང་། མཆོད་པ་དང་། ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བ་རྔམ་པའི་ཆོ་འཕྲུལ་ཡ་ན་མན
319a5 དང་སྐྱིལ་ཞི་ཐམས་ཅད་དུ་ལིང་ལོང་ཕྱེད་དོ།། དེའི་ཚེ་ཧེ་རུ་ཀ་འོད་ཀྱི་ཕྲེང་བ་དེས་རུ་ཏྲ་ཅན་དང་། བདུད་དང་སྲིན་པོ་དང་། གནོད་སྦྱིན་དང་། དབང་དུ་གྲ་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རང་རང་གི་ཆེ་བའི་ང་རྒྱལ་རབ་ཏུ་སྟོན་པ་རྣམས་ཞི་ཞིང་དུལ་བར་གྱུར་ཏེ། རང་རང
319a6 གི་དབང་ཕྲོགས་ནས་སངས་རྒྱས་ཀྱི་བསྟན་པ་འདི་ལ་དད་པར་གྱུར་ནས་འདུས་རབ་ཏུ་འདུས་སོ།། དེའི་ཚེ་ན་བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་དུ་ཁྱབ་པ་དེས་འདུ་ཤེས་མེད་པ་དང་འགོག་པ་ལ་གནས་པའི་མུར་ལྷུང་བ་རྣམས་ས་བོན་མེས་ཚིག་པ་དང་འདྲ་བ་དེ་ཡང་དྲི་མ
319a7 མེད་པའི་བྱང་ཆུབ་སེམས་རིན་པོ་ཆེའི་ཆུ་དེས་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་དབང་ཐོབ་སྟེ་འགྲོ་བའི་དོན་བྱེད་པར་གྱུར་ཏོ།། གཞན་ཡང་སའི་ཁྱད་པར་ལ་གནས་པ་རྣམས་ཀྱང་རང་རང་གི་ས་ལ་སྐྱོ་སེམས་སྐྱེས་ཏེ་ལས་ཀྱི་ཚེ་བཀག་ནས་སངས་རྒྱས་ཀྱི་བསྟན་པ
iiif viewer powered by OpenSeadragon
318b - 319b