e-texts navigator
Collection
Volume
Page
Wylie

318a1 ཀྱི་ཁམས་ཀུན་ལ་ཁྱབ་པར་མཛདུ་ནས་ཡང་བརྒྱད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་དོ།། བཅུད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་ནས་སའི་ཁམས་ཀུན་ལ་ཁྱབ་པར་མཛད་དོ།། དཔེ་ན་ཉི་མ་བར་སྔང་ལ་ཤར་བའི་འོད་ཀུན་ལ་སྙོམས
318a2 པ་བཞིན་དུ་རིག་པའི་ཉི་མ་སྙིང་རྗེས་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སྟོང་ཉིད་ཀྱི་དང་ཀུན་ལ་སྙོམས་པར་ཁྱབ་བདལ་ཏོ།། དེའི་ཚེ་གསང་བ་མཆོག་གི་བདག་པོ་དེ་ཉིད་ཡང་ཏིང་ངེ་འཛིན་ལས་ལངས་ནས་སྙིང་རྗེ་ནམ་མཁའི་ངོ་བོ་ཀུན་དུ་སྤང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ
318a3 སྙོམས་པར་ཞུགས་སོ།། ལུགས་མ་ཐག་ཏུ་སྙིང་རྗེས་ཀུན་ལ་ཁྱབ་པར་གྱུར་པ་ནི་ཏིང་ངེ་འཛིན་དེའི་མཐུ་ཡིན་ནོ།། དེ་ནས་ཡུམ་ཀུན་དུ་བཟང་མོ་ཇམ་པ་ཀྲོ་དྷིའི་རྒྱལ་མོས་ཡང་གླུ་འདིས་བསྐུལ་ལོ།། མ་ལྟར་བྱམས་པའི་ཐུགས་རྗེས་ཀུན་དུ་ཁྱབ།། མཁའ་ལྟར་གོ་འབྱེད
318a4 དདུལ་དཟུང་གནས་ལས།། ལོངས་སྤྱོད་རྫོགས་དང་ཐུགས་རྗེ་སྤྲུལ་པའི་ས།། དབང་བའི་སྐུ་མཆོག་བདག་ལྔ་བསྟན་དུ་གསོལ།། ཨ་ལ་ལ་ཧོ་ཞེས་གསོལ་པ་བདབ་པས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཆོས་ཐམས་ཅད་དོན་དམ་པ་བྱང་ཆུབ་སེམས
318a5 ཤར་བར་མཁྱེན་ནས་མི་དམིགས་ནམ་མཁའི་དབྱིངས་ནས་རྡོ་རྗེའི་མངོན་དུ་ཕྱུང་སྟེ། དཔེར་ན་ཟླ་བ་དྲི་མ་མེད་པ་ནམ་མཁའ་དང་བ་ལ་ཤར་བ་བཛིན་ནོ།། རྡོ་རྗེའི་ཀླུ་དེ་ལས་རིག་པའི་ཡུལ་གྱི་འོད་ཞེ་རྣམ་པར་འཕྲོ་བ་ནི་དཔེར་མ་ཉི་འོད་ཀྱི་འོད་ཟེར་དུས་གཅིག་ཤར
318a6 ལྟ་བུའོ།། དེ་ནས་བཅོམ་ལྡན་འདས་གསུང་བ་མཆོག་གི་བདག་པོ་དེས་ཏིང་ངེ་འཛིན་ལས་ལངས་ནས་འདོད་ཆགས་ཆེན་པོའི་ཚུ་ལ་རྡོ་རྗེ་རྣམ་པར་བསྒྱིངས་པ་ཞེས་བྷ་བིའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ཏེ་ཞུགས་ནས་ཀྱང་ཡུམ་གྲོ་བྱིའི་རྒྱ་ལ་མོ་ལ་གཟིགས་ཏེ་འཛུམ
318a7 པ་རྣམ་པར་མཛད་དོ།། དེ་ནས་ཡུམ་གྲོ་དྷའི་རྒྱལ་མོས་ཀྱང་སྤྱན་ཐི་མེ་བག་གི་ཛྭ་ག་སྲིས་གཟིགས་ནས་ལེན་སྟོང་དུ་བཏུང་ཕྲག་པཙལ་ཏེ་འཁོན་བསྐྱོང་པོའི་སྐུ་འདས་རྣམ་པར་བསྐུལ་ལོ།། ཨེ་མའོ་ཡོད་བརྗེན་སུ་མཆོག་ཚོགས་ཆེན་མངོན་རྫོགས་ལྔ།། རྡོ་རྗེ་ག




iiif viewer powered by OpenSeadragon

317b - 318b

Texts on this page

Gdg007.3 - de bzhin gshegs pa thams cad kyi gsang ba / gsang ba'i mdzod chen po mi zad pa gter gyi sgron ma // brtul zhugs chen po bsgrub pa'i rgyud