| | e-texts navigator
|
317b1 བཞིའི་སངས་རྒྱས་ཐམས་ཅད་ས་ལ་རྫུ་འཕྲུལ་གྱི་སྤྱན་གྱིས་རྣམ་པར་གཟིགས་ནས་སྤྲ་བསམ་པས་འདས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཅང་མི་མཛད། རྣམ་པར་མི་མཛད། མཛད་པ་མི་འགོག། མཛད་པ་རྣམ་པར
317b2 ཡང་མི་འགོག། མི་མཛད་པ་ཡང་མི་གནས། ཅང་མི་གསུང་། རྣམ་པར་མི་གསུང་མི་སྒྲོགས། གསུངས་པ་ཡང་མི་འགོག། གསུངས་པ་རྣམ་པར་ཡང་མི་འགོག། མི་གསུང་མི་འགོག་པ་ལ་ཡང་མི་གནས། འཁོར་གྱི་དཀྱིལ་འཁོར་དང་། སྣོད་ཀྱི་ཁམས
317b3 ཐམས་ཅད་དང་། སའི་ཁྱད་པར་ཐམས་ཅད་ལ་ཡང་མི་གཟིགས་མི་དགོངས། གཟིགས་ཤིང་དགོངས་པ་ལ་ཡང་མི་འགོག། རྣམ་པར་ཡང་མི་འགོག། མི་འགོག་པ་ལ་ཡང་མི་གནས་སོ།། དེ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི
317b4 ང་སློ་དུ་དང་། རླུང་ཀྱི་མ་དང་ག་དང་། ད་དག་གསུས་ང་དུ་གྶགི་ཆུབ་ང་སྨྲ་པ་། ང་ན་པ་ཥྚི་ས་ས་ང
317b5 དེ་བོར་ཡང་གདགས་སུ་མེད་པ་དེ་བཞིན་དུ་དོན་དམ་པ་བྱང་ཆུབ་སེམས་དེ་ཡང་ཆོས་ཐམས་ཅད་ལ་ཡང་ཁྱབ་ལ་སྨྲ་བས་མ་ལས་ཀྱང་འདས་སོ།། དེ་ལྟར་ཆོས་ཀྱི་སྐུའི་ངོ་བོར་བརྗོད་དུ་མེད་པ་ལ་བརྣལ་བཞིན་དུ་ཡུམ་ཀུན་དུ་བཟང་མོ་རྔམ་པའི་ཀྲོ་དྷིའི་ཚུལ་མོས་སྟོ
317b6 ཉིད་ཀྱི་ངང་ལས་གླུ་འདིས་བསྒྲུབ་པོ།། ཨོཾ་སྣང་སྟོང་སྟོང་པའི་ཛྙཱ་ན་ཆོས་ཀྱི་སྒྲ།། སྨྲ་བསམ་ལས་འདས་དོན་དམ་བྱང་ཆུབ་སེམས།། སྣོང་ཉིད་ངང་ལས་མི་འདའི་དམ་ཚིག་གིས།། སྙིང་རྗེ་ནམ་མཁའི་ངོ་བོ་བསྟན་དུ་གས་པ། ཞེས་བསྐུལ་བས། བསྐུལ་བ
317b7 ཐུགས་སུ་ཆུད་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས་རིག་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས་ཀུན་དུ་ཀློང་བདལ་བར་ཁྱབ་སྟེ། སྙིང་རྗེ་ཆེན་པོ་དེས་འཁོར་གྱི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་མཛད་དོ།། འཁོར་གྱི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་མཛད་ནས་ཡང་སྡོད
iiif viewer powered by OpenSeadragon
317a - 318a