e-texts navigator
Collection
Volume
Page
Wylie

314b1 མྲ། རྒྱ་གར་སྐད་དུ། སན་ཏ་ཛཱ་གཱ་ཏ་པྲ་ཏྱ་མཱ་དྷཱ་གུདྷ་ཀོ། ཥ་སྭཱཀྵ་ཡན་དྷི་དཱི་བ་མ་ཧཱ་པྲ་ཏ་སྟཱ་དྷ་ན་ཏནྣཛྙཱནྟ་ཤཨཱརྱ་དྷཱ་ཏི་ཙཀྲནཱ་མ་མ་ཧཱ་ཡཱ་ན་སཱཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་མཛོད་ཆེན་པོ་མི་ཟད་པ
314b2 གཏེར་གྱི་སྒྲོན་མ། བརྟུལ་ཞུགས་ཆེན་པོ་བསྒྲུབ་པའི་རྒྱུད། ཡེ་ཤེས་རྔམ་པ་སྒོག་གི་འཁོར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན
314b3 འདག་གསང་བ་མཆོག་གི་བདག་པོ་དཔལ་ཀུན་དུ་བཟང་པོ་ཆེན་པོ་ཡེ་ཤེས་རྔམ་པའི་རྒྱལ་པོ་ཞེས་བྱ་བ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་བདེ་བར་གཤེགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པའི་བདག་ཉིད་ཆེན་པོ། གསང
314b4 བ་མཆོག་གི་དགྱེས་པ་ན། ལྷན་གྱིས་གྲུབ་པའི་ལོངས་སྤྱོད་ཆེན་པོ། ཆོས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་ཀྱི་རང་བཞིན་ཆེན་པོ། ངོ་མཚར་རྨད་དུ་བྱུང་བའི་ཚོང་ཕུལ་ཆེན་པོའི་བདག་ཉིད་དེ་འོག་མིན་གྱི་གནས་མཐའ་དང་དབུས་བརྗོད་དུ་མེད་པ་ན་རང་བཞིན
314b5 ལྷུན་གྱིས་གྲུབ་པའི་གསང་བ་མཆོག་གི་དཀྱིལ་འཁོར་གསད་བ་ཡུམ་གྱི་མཁའ་རྣམ་པར་དག་པའི་གཞལ་ཡས་ཁང་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཆོས་ཐམས་ཅད་གཉིས་སུ་མེད་པའི་དབྱིངས་སུ་ཐིམ་པའི་འོད་ཟེར་གསུས
314b6 སྤྲོས་པ་མེད་པའི་ཚུལ་གྱིས་ཕོ་བྲང་གི་སྙིང་པོ་ཟླུམ་པོར་གྱུར་པ། དབྱིངས་དང་ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན་པའི་འཁོར་ལོ་རྩིབས་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་སྣང་བའི་ཐབས་ལས་བྱུང་བའི་མུ་ཁྱུད་ཀྱིས་བསྐོར་བ། བསོད་ནམས་དང་ཡེ་ཤེས
314b7 ཀྱི་ཚོགས་ཐུགས་རྗེ་རྒྱས་པའི་ཕྱིར་གྲུ་བཞིར་གསལ་བ། རྣམ་པར་ཐར་པའི་སྒོ་ནས་འཇུག་པའི་སྒོ་བཞིན་རྣམ་པར་ཐར་པ་བརྒྱད་ཀྱི་ལམ་སྡིགས་སུ་ཤར་བ། ཕྱི་དང་ནད་མེད་པར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེ་ན་ཉི་མ་དང་ཟླ་བ་རངས་པ་དང་ཕྱེད་ཀྱིས་འོད་གསལ




iiif viewer powered by OpenSeadragon

314a - 315a

Texts on this page

Gdg007.3 - de bzhin gshegs pa thams cad kyi gsang ba / gsang ba'i mdzod chen po mi zad pa gter gyi sgron ma // brtul zhugs chen po bsgrub pa'i rgyud