| | e-texts navigator
|
314a1 དམ་པའི་སྐུ།། བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། ཀུན་གྱི་འབྱུང་གནས་མེ་ལོང་གསལ།། ཕྱོགས་ཀུན་གསལ་འགྲེལ་ངེས་པའི་མདོ།། ཐེག་ཆེན་རྨད་གྲགས་ངོ་མཚར་ཆེ།། གསང
314a2 ཆེན་བྱུང་ཚུལ་ངོ་མཚར་ཆེ།། ཨ་ཧོ་ཞེས་ངེས་པ་དམ་པར་མངོན་པར་བསྟོད།། དེ་ནས་ཅང་མི་དམིགས་པར་གྱུར་ཏེ། གང་དུ་ངེས་པར་བགྲོས་པའི་གསང་བ་དམ་པ་དག་ལྷ་དང་མིའི་འཇིག་རྟེན་དུ་རྒྱ་ཆེར་གྲགས་ཤིང་ཡོངས་སུ་གྲགས་པར་གྱུར་ཏོ།། སངས
314a3 རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པའོ།། ། ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་གི་དགོངས་པ་རྣམ་པར་བགྲོས་པ་ནུ་ཡང་བྱུང་བའི་གཏམ་རྒྱད་བརྗོད
314a4 པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ། བྱང་ཚུལ་བསྟན་པའི་བཅུ་གཉིས་པའི་ཐ་མའོ།། ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཐམས་ཅད་ཀྱེ་མེ་ལོང་། བཀའ་ཐམས་ཅད
314a5 འགྲེལ་པ། དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་དམ་པ་གསང་བ། བཅོམ་ལྡན་འདས་གསདྲ་བའི་བདག་པོ་ཕྱག་ན་རྡོ་རྗེས་དྲག་ཤུལ་ཅན་གྱི་རི་མ་ལ་ཡའི་ཆེར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་རྒྱ་ཆེར་ཡོངས་སུ
314a6 བགྲོས་པ། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་ཆེན་པོ་དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་པོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པ།། །། བཀང་འདི་ལ་དབུ་ཞབས་སུ་བྱུང་ཚུལ་བཅུ
314a7 གཉིས་པ། ལེའུ་བདུན་ཅུ་རྩ་ལྔ་པ། བམ་པོ་བཅུ་དང་། ཤ་ལོ་ཀཉིས་བཅོཾ་ལྔ་བཅུ་རྩ་གཉིས་སོ།། །། བེ་དྷརྨཱ་ཧེ་དྲ་པྲ་བྷཱ་བཱ་ཧི་ཙན་ཏེཥྛཱན་ཏཐཱ་ག་ཏོཿབ་དང་། ཏེཛྫཛྫ་ཡོཾ་ནི་རོ་དྷ་མེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།
iiif viewer powered by OpenSeadragon
313b - 314b