| | e-texts navigator
|
313b1 འཁོར་ཕྱག་རྒྱ་རྫོགས།། རྟོག་འཛིན་སྒྲ་མཐའ་ཏིང་འཛིན་བསྔགས།། མེད་རྒྱུ་རྟགས་ཆགས་མཚོན་པའི་ཚིག། བསྒྲུབ་འགྲུབ་བལྟས་སྣང་འབྲས་བུའོ།། ཞེས་གསང་སྔགས་དམ་པའི་ཚིག་གོ།། གྲོགས་པོ་དག་དེ་ལྟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དམ
313b2 པ་དེ་ཁོ་ན་ཉིད་ལས་འདི་སྐད་དུ། ཐམས་ཅད་ཐམས་ཅད་ཇི་སྙེད་པ།། ཚིག་གི་ཐ་སྙད་ཙམ་དག་ལས།། འདི་ལ་བྱ་བ་ཅི་ཡང་མེད།། རང་བཞིན་དེ་ཉིད་ཡེ་སངས་རྒྱས།། ཨ་ཧོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལས་འདས་ཏེ་བདེ་བ་ཆེན་པོ་ལྷུན་དང་བར་གྱུར
313b3 ཏོ།། དེ་ནས་གསང་བའི་བདག་པོ་ཉིད་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། དཔེར་ན་ཀུན་དུ་རྒྱུ་བའི་མི།། འདོད་པའི་ཡུལ་དུ་གང་འགྲོ་བ།། ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་།། བཟོད་ཡུལ་ལམ་གནས་གཅིག་ལས་མང།། དེ་བཞིན་བསམ་གྱིས་མི་ཁྱབ་པར།། རྣམ
313b4 ན་རྒྱུ་ས།། ད་ང་། མ་ས་། དུ་ཀྵ་དྷཱ་ས་། ས་བའི་མ་ར།། ཤཱ་སྩུ་ག་།
313b5 པ་འདིར་འདུས་ཀུན་ཤེས་ན།། དེ་ཡི་ཡེ་ཤེས་མཐའ་ཡས་ཏེ།། རྣམ་པ་ཐམས་ཅད་མཁྱེན་ཉིད་པས།། མདོ་དོན་གཅིག་ཏུ་བསྡུས་པར་གསུངས།། གྲོགས་པོ་དག་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར
313b6 དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བཤད་པ་སྟེ། ཐམས་ཅད་ཀྱི་མདོ་དེ་ཁོ་ན་ཉིད་དུ་འདུས་པར་ཤེས་པར་བྱའོ།། དེ་སྐད་ཅེས་སྨྲས་པས། དམན་པ་རྣམས་གཅིག་ཏུ་ངེས་པ་དམ་པ་རྙེད་པར་གྱུར་ཏོ།། དེ་ནས་གསང་བ་པའི་བདག་པོ་ཉིད་ལ་དམན་པ
313b7 མི་རངས་ཏེ། མངོན་པར་བསྟོད་པ། ཨེ་མགོ་སྐྱེས་ཆེན་གསང་བའི་བདག། རྩལ་ཆེན་སྨྲ་བ་སེང་གེའི་སྒྲ།། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས།། སངས་རྒྱས་ཀུ་ནི་སྔོན་ཡེ་ནས་བྱུང་།། ཁྱོད་ནི་སངས་རྒྱས་ཀུན་གྱི་མེས།། ཆེ་མཆོག་རྗེ་བཙན
iiif viewer powered by OpenSeadragon
313a - 314a