| | e-texts navigator
|
313a1 དེ་ཉིད་ཚུལ་བཞིན་སྐད་ཅིག་མ།། ཀུན་གསལ་གཅིག་གིས་ཡོངས་སུ་སངས།། ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། མུན་པས་འཐིབས་པ་དེ་དག་གིས།། མི་གཡོ་མི་རྟོག་དེ་ཉིད་བལྟ།། དེ་མཐོང་མུན་པ་རྣམ་དག་སངས།། འགྱོར
313a2 སངས་ཀུན་གྱི་མཆོག་ཏུ་བཤད།། ཅེས་ཚངས་པ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ།། མི་མཐུན་གཉེན་པོ་མི་དམིགས་པ། སྟོང་པ་ཉིད་ཀྱི་ཆོས་ཉིད་ལ།། གནས་པ་གང་ཡིན་དེ་དག་གིས།། གཉེན་པོ་བསྟན་དུ་ཅི་ཡང་མེད།། ཅེས་ལ་གཅད་པ་དམ་པར་བསྔགས
313a3 སོ།། ལ་ལ་ནེ་འདི་ཉིད་དུ།། ཐམས་ཅད་རང་བཞིན་མ་བཅོས་པ།། ཇི་བཞིན་པ་ཡི་དེ་བཞིན་དུ།། རང་རིག་བླ་ན་མེད་པ་ཡི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ།། ཞེས་སེམས་བསྐྱེད་པ་རྣམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དྲ། ཅི་ཡང་མི་སེམས་ལེ་གཡོ
313a4 མི་རྟོག་རྣམ་པར་མི་གཡོང་བ།། ཀུན་ལ་ཁྱབ་པར་བདལ་བའི་དབྱིངས།། ཀུན་ཤོང་བྱ་མེད་རྡེག་རྗེན་མཆོད།། ཅེས་ཐེག་པ་ཆེན་པོའི་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། རྡེག་ཆེན་གསང་བ་ཇི་སྙིང་པོ་འདི།། དབུ་མར་མི་དམིགས་མཐའ་ལས་འདས། 8།
313a5 འདིར་དབུ་མར་འདོད་པ་དག། མཐའ་ལས་འདས་པར་ག་ལ་འགྱུར། ཞེས་དབུས་མཐར་མི་དམིགས་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་།། མི་མཐོང་སེམས་ཅན་སེམས་མི་མཐོང་།། སངས་རྒྱས་མི་མཐོང་གང་མཐོང་བ།།
313a6 ཡི་དོན་དམ་ཡང་དག་མཐོང་།། ཞེས་མཐོང་བ་ཡོངས་སུ་བསྔགས་སོ།། ལྔ་ལ་ནི་འདི་སྐད་དུ། ཡེ་ནས་མ་བཅོས་ཇི་བཞིན་པ།། མི་སྐྱེ་མེ་དགག་རྣམ་ཀུན་མཁྱེན།། སུས་ཀྱང་མ་བྱས་དང་བྱུང་བ།། རྣམ་པར་རྟོག་པའི་གློ་བུར་ཡིན།། ཞེས་མ་བསླད་པར་དམ
313a7 པར་དེ་སྡིགས་སོ།། ལ་ལ་ནི་འདི་སྐ་དདུ། དེ་ཉིད་དེ་དང་གང་ལྡན་པ།། དམན་པའི་ལུས་ལ་སངས་རྒྱས་ཡིན།། དེ་ལ་མ་གཟུགས་གང་ཞིག་ནི།། སངས་རྒྱས་བྱབ་ག་སྲོ། རྒྱས་ཡེ་ནས་རྒྱས་པར་བསྔགས་ས།། ལལ་ང་བྱུང་བ་པ་ཀྱིལ
iiif viewer powered by OpenSeadragon
312b - 313b