| | e-texts navigator
|
312a1 འགོ། དེ་ཉིད་ཆེན་པོར་དྲང་ཆུང་བས།། ཅིས་ཀྱང་མི་བསྐྱོད་ཉམ་མིང་།། ཞེས་དེ་དོགས་མེད་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། རྣམ་རྟོག་མཚན་མའི་རི་བོ་འདི།། སེང་གེའི་ཁོག་པ་རང་ཞིག་ལྟར།། སྟོང་ཉིད་རང་ཉིད་མ་ཞིག་ན།། གཞན་གྱིས
312a2 འཇིག་པར་ག་ལ་འགྱུར།། ཞེས་རང་བཞིན་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། བདེ་ཆེན་རྣམ་དག་རྟོག་བྱེད་པས།། ལེགས་ཉེས་གཉིས་ཀ་རྣམ་པར་རྟོག། བདེ་ཆེན་ངེས་པའི་རླུང་ཞུགས་ན།། གང་འདིར་རྣམ་པར་རྟོག་པ་མེད།། ཅེས་ཡོངས་སུ་རྟོག་པ་ལས
312a3 འདས་པར་བསྔགས་སོ།། ལ་ལན་འདི་སྐད་དུ། དེ་ཉིད་ཕྱིན་ཅི་མ་ལོག་པར།། བསྲུང་བ་མོ་རྟོག་མི་གནས་པ།། ལེ་ལོ་གཡེང་བའི་དགྲ་བསྲུང་སྟེ།། དེ་བཞིན་དེ་ལས་འདའ་མི་བྱ།། ཞེས་དམ་ཚིག་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དཔག་ཏུ་མེད་པའི་འཇིག་རྟེན
312a4 དུ།། སྒྲོན་མ་བསམ་གྱིས་མི་ཁྱབ་པས།། ཇི་སྙེད་པ་ཡི་ཆོས་བསྟན་པ།། མཐའ་ཡས་དོན་ནི་གཅིག་ཏུ་འདུས།། ཞེས་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དེ་ཉིད་དེ་ལས་མ་ཉམས་ན།། དྲན་དསམ་སྒྱུ་མ་མེད་པ་ཡི།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཉིད།། བསླང
312a5 པ་རྣམ་གསུམ་ཡོངས་སུ་རྫོགས།། ཞེས་བསླབ་པ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དེ་ཉིད་ལས་མཐའ་ཞི་གནས་དང་།། ལྷག་པའི་དོན་མཐོང་འདྲེས་པ་ཡི།། སྡེ་གསུམ་ངེས་པར་རྫོགས་པ་ནི།། འབུམ་ཕྲག་མཐའ་ཡས་བརྗོད་མི་ལང་།། ཞེས་བའི་དྲང
312a6 བརྒྱུད་པ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། ཚིག་ལ་དེ་བདངས་ཚིག་བསྒྱུར་ན།། ཚིག་མཐའ་ཡས་པས་བསྡུས་ན་འདས།། ཚིག་གཅིག་རྣམ་པར་སྤྲོས་གྱུར་ན།། བརྗོད་པས་དེ་ནི་ཟད་མི་འགྱུར།། ཞེས་གསུང་མི་ཟད་པ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད
312a7 དྲཱ་། སྨྲ་བརྗོད་ཚིག་ལ་གང་དག་པས།། གང་གིས་དགོངས་པ་ཐོག་མ་ནུས།། གཟུགས་རྒྱ་མཆིཐོས་པ་མེན།། ཚིག་གཅིག་ཐོས་པ་ཐས་པའི་མཆོག། ཅེས་ཐོས་པ་ཙུམཚོའི་དམ་པར་འཛུགས་སོ།། ལ་ལ་ནི་འདི་སྐད་དུ། ཁྲབ་དང་མི་གནས་ནམ་མི་རྟོག། མ་ཐལ་མོ་ག
iiif viewer powered by OpenSeadragon
311b - 312b